“ལ་གཟར་འགག་འཆམ་མཐུན་རྟགས་མའི”གཟེབ་གྲུག་འགྲན་སྡུར་མཇུག་བསྒྲིལ།

政务   2024-11-13 11:44   甘肃  

“ལ་གཟར་འགག་འཆམ་མཐུན་རྟགས་མའི”གཟེབ་གྲུག་འགྲན་སྡུར་མཇུག་བསྒྲིལ།

  ཉིན་བསྟུད་མར་ཛ་དྲག་གི་འགྲན་སྡུར་བརྒྱུད་ཅིང་ལྟད་མོ་བར་ངོ་མཚར་བའི་གཟེབ་གྲུག་གི་ལྟད་མོ་སྣ་ཚོགས་ངོམ་མཐར། ཟླ11པའི་ཚེས12ཉིན། མཐོ་སྒང་ས་ཁུལ་གྱི་ཞིང་ལྗོངས་ལྔའི2024ལོའི་ཐེ་བོ་རྫོང“ལ་གཟར་འགག་འཆམ་མཐུན་རྟགས་མའི”གཟེབ་གྲུག་གདན་ཞུའི་འགྲན་སྡུར་དེ་མཐུན་སྒྲིལ་དང་ཡར་བརྩོན་གྱི་སྣང་ཚུལ་ལེགས་པོའི་ཁྲོད་མཇུག་རྫོགས།

  བྱ་དགའ་སྟེར་བའི་དགོང་ཚོགས་སྟེང་ཡུལ་ཐེ་བོ་རོང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་གླུ་དང་ཞབས་བྲོ། དེ་མིན་ཁུལ་ཕྱི་ནང་གི་གླུ་བ་གླུ་མས་བླངས་པའི་སྙན་འགྱུར་སྟོང་གི་གླུ་གཞས་དང་། ཐེངས་འདིའི་གཟེབ་གྲུག་འགྲན་སྡུར་གྱི་བརྗོད་དོན་གླུ་གཞས《ལ་གཟར་འགག་གི་གཟི་རྔམ》སོགས་ཀྱིས་ཡུལ་དངོས་ལྟད་མོ་བར་སེམས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཕུལ་སོང་།

བྱ་དགའ་ཐོབ་པའི་རུ་ཁག་གི་གཟི་ཉམས

ང་དང་པོ་ཐོབ་མཁན་ཐེ་བོ་རྫོང་གི་འཐུས་ཚབ་རུ་ཁ

ཨང་གཉིས་པ་ཐོབ་མཁན་ཁང་ལི་རྫོང་གི་འཐུས་ཚབ་རུ་ཁག

ཨང་གསུམ་པ་ཐོབ་མཁན་རེབ་གོང་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁ

ཨང་བཞི་པ་ཐོབ་མཁན་མཛོད་དགེ་རྫོང་གི་འཐུས་ཚབ་རུ་ཁག

ཨང་ལྔ་བ་ཐོབ་མཁན་རྩེ་ཁོག་རྫོང་གི་འཐུས་ཚབ་རུ་ཁག

ཨང་དྲུག་པ་ཐོབ་མཁན་ཀོང་ཧི་རྫོང་གི་འཐུས་ཚབ་རུ་ཁ

ང་བདུན་པ་ཐོབ་མཁན་ཡ་རྫི་རྫོང་གི་འཐུས་ཚབ་རུ་ཁ

ང་བརྒྱད་པ་ཐོབ་མཁན་བསང་ཆུ་རྫོང་གི་འཐུས་ཚབ་རུ་ཁ

  ལུས་རྩལ་ཀུན་སྤྱོད་ཡ་རབས་ཀྱི་བྱ་དགའ་ཐོབ་མཁན་གཙོས་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁག་དང་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་མཁན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁག ཕུལ་བྱུང་ལུས་རྩལ་བ་སྐལ་བཟང་རྒྱ་མཚོ་དང་། ཕུལ་བྱུང་རྩལ་ཁྲིད་པ་དབྱང་ལོན། ཕུལ་བྱུང་ཤན་འབྱེད་པ་ཀྲུའུ་ཐོན་བཅས།

  སྐར་གསུམ་རྒྱལ་པོ་ཧུན་དགའ་དང་། དྲག་འཛུད་རྒྱལ་པོ་ཨོ་རྒྱན་ཉི་མ།
གྲན་སྡུར་གྱི་གནས་སྐབས་ཕྲ་མོ
ཡོང་ཁུངས། ཐེ་བོའི་སྨྱན་སྦྱོར།
ལོ་ཙཱ་བ། རྡོ་རྗེ་ཚེ་རིང་།
རྩོམ་སྒྲིག་པ། དྭངས་གསལ་ལྷ་མོ།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ།  རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章