དཔེ་མཛོད་ཁང་གིས་བཀྲ་ཤིས་ཆ་ཡིག་ཕུལ་ནས་དཔྱིད་གསར་དུས་ཆེན་བསུ།

教育   2025-01-20 20:00   西藏  

དཔེ་མཛོད་ཁང་དུ་ལོ་གསར་བསུ། 

བཀྲ་ཤིས་པའི་ཆ་ཡིག་དང་དཔེ་ཀློག་གི་དྲི་བསུང་ཁྲོད་དཔྱིད་གསར་དུས་ཆེན་བསུ། 


    ལོ་གསར་གྱི་ཅོང་སྒྲ་ཡིས་མཉམ་འཛོམས་ཀྱི་སྒོ་མོ་ཕྱེ་ལ་ཉེ། དཔྱིད་གསར་དུས་ཆེན་ཆར་ལ་ཉེ་བའི་སྐབས་འདིར།  བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རྒྱ་ཆེའི་ཀློག་པ་པོ་ཚོར་རྣམ་པ་མི་འདྲ་བའི་བྱེད་སྒོ་རབ་དང་རིམ་པ་གྲ་སྒྲིག་ཞིབ་ཚགས་བྱས་ནས།  སྐུ་ཉིད་དང་ལྷན་དུ་སྤྲོ་སྣང་གི་དུས་ཆེན་མཉམ་རོལ་བྱེད་རྩིས་ཡོད།   

    ༼དཔེ་ཀློག་གི་དཔྱིད་གསར། རྣམ་པ་གསར་པའི་དཔེ་ཀློག༽ཞེས་པའི་གྲངས་གཞིའི་ཐོན་ཁུངས་ཁྱབ་གདལ་བྱེད་སྒོ་དེ་སྤྱི་ཟླ༡པོའི་ཚེས་༢༢ཉིནལ་དངོས་སུ་སྤེལ་ཏེ། ཞིང་རྩིས་ཟླ་བ་དང་པོའི་བཅོ་ལྔའི་ལྒང་ཞུའི་དུས་ཆེན་སྤྱི་ཟླ༢པའི་ཚེས༡༢ཉིན་བར་རྒྱུན་མཐུད་དེ་དུས་ཡུན་ཉིན་༢༠སྤེལ་རྒྱུ་ཡིན་པ་རེད།    བྱེད་སྒོ་དེ་ནི་རྒྱལ་ཡོངས་དཔེ་མཛོད་ཁང་གིས་མཉམ་འབྲེལ་ཐོག་སྤེལ་བ་ཞིག་ཡིན་ཞིང་།    དེའི་ནང་དྲ་ཐོག་དཔེ་ཀློག་གི་ཆེད་དོན་དང༼དཔེ་ཆའི་ནང་ནས་ཚིག་སྙན་ཐོས། རི་མོའི་ཐོག་ནས་བརྩེ་སེམས་མཚོན།༽ཞེས་པའི་གློག་རྡུལ་རྟེན་འབྲེལ་བྱང་བུའི་བྱེད་སྒོ་གཉིས་ཚུད་ཡོད་པ་རེད།     

    ཀློག་པ་པོ་རྣམ་པས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་ཐོག་ནས་ཞབས་ཞུའི་ཚོམས་ཆེན་གྱི་དཔེ་ཀློག་གི་མཚར་སྡུག་ཅེས་པའི་སྣོན་སྒོ་བསྣན་ནས། ༼དཔེ་ཆའི་ནང་ནས་ཚིག་སྙན་ཐོས། རི་མོའི་ཐོག་ནས་བརྩེ་སེམས་མཚོན།༽ཞེས་པའི་བྱེད་སྒོའི་ཆེད་ཁུལ་དུ་འཛུལ་ཏེ། གྲངས་གཞིའི་དཔེ་ཀློག་དང་སྲོལ་རྒྱུན་རིག་གནས་མཉམ་འདྲེས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་གནང་ཆོག  ཐེངས་འདིའི་བྱེད་སྒོའི་ནང་ཚང་མས་ཧུར་ཐག་ངང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།     

    ཞིང་རྩིས་ལོ་ཆུང་སྟེ། སྤྱི་ཟླ༡པོའི་ཚེས༢༢ཉིན་ལ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་ད་དུང་དམིགས་བསལ་གྱི་བྱེད་སྒོ་ཞིག་སྤེལ་རྒྱུ་ཡིན་པ་དང་། སྔོན་ལ་ཕེབས་མཁན་ཀློག་པ་པོ༥༠ལ་བཀྲ་ཤིས་པའི་གོ་དོན་མཚོན་པའི་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་རིན་མི་དགོས་པར་འཕུལ་རྒྱུ་ཡིན། བོད་རྒྱ་ཡིག་རིགས་གཉིས་ལ་རེར་༢༥ཡོད། དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་དམར་པོ་དེ་ནི་ལོ་གསར་གྱི་རྟེན་འབྲེལ་བཟང་པོ་མཚོན་པའི་སྨོན་འདུན་ཞིག་ཡིན་པ་མ་ཟད། དེར་ད་དུང་རིག་གནས་ཀྱི་དོན་སྙིང་གཏིང་ཟབ་ཀྱང་ལྡན་ཡོད།  དེ་ནི་༼ང་ཚོའི་དུས་ཆེན། བསམ་པའི་ཁྱིམ་གཞིས། དཔེ་མཛོད་ཁང་དང་ཁ་ཆད་བྱེད། ཐོས་བསམ་ཀློང་ནས་ལོ་གསར་རོལ༽ཞེས་པའི་བྱེད་སྒོ་རབ་དང་རིམ་པའི་སྔོན་འགྲོ་ཞིག་ཡིན།     

    ཀློག་པ་པོ་ལྷན་རྒྱས་ཞིང་རྩིས་ལོ་ཆུང་སྟེ། སྤྱི་ཟླ༡པོའི་ཚེས༢༢ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡:༠༠ཐོག་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་མཉམ་འཛོམས་བྱེད་སྒོར་བཞུགས་ཏེ། ང་ཚོ་དང་ལག་གདང་སྦྲེལ་ནས་དཔེ་ཀློག་གི་དྲི་བསུང་འཐུལ་བའི་ལོ་གསར་ལ་རོལ་ནས། ཤེས་བྱ་དང་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་འདིར་ཕེབས་རྒྱུའི་དགའ་བསུ་ཞུ། 



རྩོམ་སྒྲིག  ཚའོ་ཧུའེ་ཅེ།

ཞུ་དག  བཀྲ་ཤིས་རྒྱལ་པོ། 

ཞིབ་བཤེར།  དབྱངས་ཅན་སྒྲོལ་དཀར།  སྤེན་པ་ཚེ་རིང་།

མ་ཡིག་མཁོ་འདོན།  དྲ་སྦྲེལ་པུའུ། མཛོད་ཉར་པུའུ།  


西藏自治区图书馆
提供西藏图书馆活动、培训、讲座等信息;随时提供西藏图书馆服务动态。
 最新文章