དཔྱིད་གསར་ཚེས་གཅིག་ཉིན་གྱི་དཔེ་མཛོད་ཁང་།

教育   2025-01-29 13:30   西藏  


འབྲུག་ལོ་ཕར་ལ་བསྐྱལ་ནས་སྦྲུལ་ལོ་བསུ། སྦྲུལ་གྱི་ལོ་ལ་ལོ་ལེགས་ཡོང་བར་སྨོན།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པ་དང་།    ཞི་ཅིན་ཕིང་གི་རིག་གནས་བསམ་བློ་སློབ་སྦྱོང་གཏིང་ཟབ་དྲིལ་བསྒྲགས་ལག་བསྟར་བྱེད་པ།    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ།    སྤྱི་པའི་དཔེ་མཛོད་ཁང་གི་རིག་གནས་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་སྤྲོ་སྣང་དང་ཞི་མཐུན་ལྡན་པའི་ལོ་གསར་གྱི་རྣམ་པ་བསྐྲུན་ཆེད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཟླ༡པོའི་ཚེས༢༩ཉིན་ཏེ་ལོ་གསར་ཚེས་གཅིག་ཉིན༼ང་ཚོའི་དུས་ཆེན། བསམ་པའི་ཁྱིམ་གཞིས། དཔེ་མཛོད་ཁང་དང་ཁ་ཆད་བྱེད། ཐོས་བསམ་ཀློང་ནས་ལོ་གསར་རོལ༽ཞེས་པའི་བྱེད་སྒོ་གཉེར་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་སྦྲུལ་ལོ་བསུ་བའི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་ཕུལ་བ་རེད།


དཔེ་མཛོད་ཁང་སྒོ་ཕྱེ་མ་ཐག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་རང་རྟོགས་དང་གོ་རིམ་ལྡན་པའི་སྒོ་ནས་ཨང་གྲངས་ལེན་སར་གྲལ་སྟར་རིང་པོ་བསྒྲིགས་ཤིང་།ལས་དོན་མི་སྣས་བྱང་ཆ་ལྡན་ཞིང་མགྱོགས་མྱུར་ངང་ཨང་གྲངས་རེ་རེ་བཞིན་ཀློག་པ་པོའི་ལག་ཏུ་ཕུལ་བ་རེད།    དཔེ་མཛོད་ཁང་ནང་དུ་འཛུལ་སྐབས་གང་སར་ཚོན་མདོག་རྣམ་པར་བཀྲ་བའི་གློག་སྒྲོན་གྱིས་རྒྱན་ཡོད་པས། དུས་ཆེན་གྱི་རྣམ་པ་ཟབ་མོ་མཚོན་གྱི་ཡོད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དབུ་ཁྲ་ིད་གཞོན་པ་སྤེན་པ་ཚེ་རིང་གིས་་དཔེ་མཛོད་ཁང་དུ་ཕེབས་མཁན་ཀློག་པ་པོ་ཚང་མར་དཀར་གཙང་གི་མཇལ་དར་སྒྲོན་པ་མ་ཟད་མཛེས་སྡུག་ལྡན་པའི་སྨོན་འདུན་རེ་རེ་བཞིན་ཕུལ་ཡོད།



དེ་རྗེས་ཀློག་པ་པོ་རྣམས་གོ་རིམ་ལྡན་པའི་སྒོ་ནས་དཔེ་དེབ་སྤྲོད་ཁུལ་དུ་ཕེབས་ནས་ཡང་ཡང་འདེམས་པ་དང་བསམ་གཞིག་བྱས་རྗེས་རང་ཉིད་དགའ་ཤོས་ཀྱི་དཔེ་དེབ་བདམས་ཡོད་པ་རེད།དཔེ་དེབ་དེ་དག་ནང་རྩོམ་རིག་དང་།    ལོ་རྒྱུས།    སྒྱུ་རྩལ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དང་དེའི་དམིགས་ཡུལ་ནི་ཀློག་པ་པོ་རྣམས་ཀྱིས་དཔྱིད་གསར་དུས་ཆེན་རིང་དཔེ་དེབ་བརྒྱུད་ནས་རང་ཉིད་མཐོར་འདེགས་བྱ་རྒྱུའི་ཆེད་དུ་ཡིན་པ་རེད།  

བྱེད་སྒོའི་སྤྲོ་སྣང་དོད་ཤོས་ཀྱི་ཆ་ནི་ཤོག་ཆག་གི་བྱ་དགའ་འཐེན་རྒྱུ་དེ་རེད།    ཕུན་སུམ་ཚོགས་པའི་བྱ་དགའ་མང་པོ་ཡོད་པ་སྟེ།    དམངས་ཡོངས་ཀྱི་ལྟ་ཀློག་ཁྱབ་གདལ་གྱི་བརྗོད་བྱ་གཙོ་བོར་འཚམ་པའི་མང་ཐོས་གཙོད་ཀྱི་མཐའ་འཁོར་ཐོན་རྫས་དང་།    དགུན་དུས་མཁོ་བའི་ལག་དྲོད་ཕོར་པ་དང་བརླན་སྣོན་ཡོ་བྱད་སོགས་ཡོད།     ཤོག་ཆག་རེ་རེ་ཕྱེ་བ་དང་བསྟུན་ནས་མི་ཚོགས་ཁྲོད་དགའ་སྤྲོའི་སྐད་སྒྲས་ཁེངས་པ་དང་། ཀློག་པ་པོ་རྣམས་ཀྱིས་དཔེ་ཀློག་ལས་བྱུང་བའི་སྤྲོ་སྣང་ལ་རོལ་བཞིན་ཡོད་པས། དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་ལ། དཔེ་མཛོད་ཁང་གི་ཐུགས་ཁུར་དང་དྲོ་སྐྱིད་ཡང་ཚོར་ཐུབ།    

དཔྱིད་གསར་དུས་ཆེན་རིང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རྒྱ་ཆེའི་ཀློག་པ་པོ་ཚོར་རིག་གནས་རྣམ་པས་ཁེངས་པའི་དུས་ཆེན་གཏོང་ཡུལ་ཞིག་བསྐྲུན་ཡོད།ཀློག་པ་པོ་རྣམས་ཀྱིས་དཔེ་མཛོད་ཁང་ནས་སྤྲོ་སྣང་ལྡན་པའི་དུས་ཆེན་རྣམ་པར་མྱོང་རོལ་ཐུབ་པ་མ་ཟད།    དཔེ་དེབ་ཀྱི་དྲི་བསུང་ཁྲོད་ལོ་གསར་པའི་ཤེས་བྱའི་འགྲུལ་བཞུད་བྱེད་འགོ་ཚུགས་ཡོད།     འབྱུང་འགྱུར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ངོ་མཚར་ཆེ་བའི་བྱེད་སྒོ་དེ་བས་མང་བ་རྒྱུན་མཐུད་ངང་སྤེལ་ནས་དམངས་ཡོངས་ཀྱི་དཔེ་ཀློག་གི་བློ་རྩ་གཅིག་སྒྲིལ་དང་།    དར་སྲོལ་གསོ་སྐྱོང་།    དམངས་སེམས་བརླན་པ་བཅས་ཀྱི་ནུས་པ་དེ་བས་ལེགས་པར་འདོན་སྤེལ་བྱས་ནས་དུས་རབས་གསར་པའི་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་པ་རེད།    

རྩོམ་སྒྲིག  བཀྲ་ཤིས་རྒྱལ་པོ།
ཞུ་དག  བཀྲ་ཤིས་རྒྱལ་པོ། བདེ་སྐྱིད་དཔལ་སྒྲོན།
ཞིབ་བཤེར།  དབྱངས་ཅན་སྒྲོལ་དཀར།  སྤེན་པ་ཚེ་རིང་།
མ་ཡིག་མཁོ་འདོན།  དྲ་སྦྲེལ་པུའུ། མཛོད་ཉར་པུའུ། 

西藏自治区图书馆
提供西藏图书馆活动、培训、讲座等信息;随时提供西藏图书馆服务动态。
 最新文章