ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་པ་བྱེད་པ་དང་། དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་ནུས་རྩལ་ཡར་རྒྱས་གཏོང་བའི་བྱ་སྤྱོད་སྤེལ་བ། དམངས་ཡོངས་ལ་དཔེ་ཀློག་ཁྱབ་གདལ་གཏོང་བ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་གཏོང་བ་བཅས་ཀྱི་ཆེད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་གཉེར་བའི་སྐབས་བཞི་པའི་ཡུན་སྲིང་དཔེ་ཀློག་འགྲན་བསྡུར་ཐེངས་བཞི་པ་ལེགས་འགྲུབ་བྱུང་བ་རེད།
ཀློག་པ་པོས་ངེད་དཔེ་མཛོད་ཁང་གིས་ཁྱབ་བསྒྲགས་བྱས་པའི་དཔེ་ཀློག་གི་དེབ་ཐོ་གཞིར་བཟུང་། རང་ཉིད་དགའ་བའི་དཔེ་དེབ་བདམས་ཏེ། དྲ་ཐོག་ནས་དཔེ་ཀློག་བྱེད་པ་དང་དྲི་བར་ལན་འདེབས་པའི་རྣམ་པའི་ཐོག་ནས་འགྲན་བསྡུར་ནང་ཞུགས་པ་རེད།
འགྲན་བསྡུར་མཇུག་འགྲིལ་ཐོག་འགྲུབ་འབྲས་ཕྱོགས་བསྡུས་ཞིབ་དཔྱད་བྱས་རྗེས། ཁྱོན་བསྡོམས་བྱ་དགའ་ཐོབ་མཁན་ཀློག་པ་པོ་༡༢བདམས་ཡོད། ང་ཚོས་བྱ་དགའ་ཐོབ་མཁན་ལ་འབྲེལ་གཏུག་བྱས་ནས་དཔང་ཡིག་དང་བྱ་དགའ་སྤྲོད་རྒྱུ་ཡིན།
མི་གང་མང་ཞིག་གིས་དཔེ་དེབ་བསྣམ་ཏེ་ཡུན་སྲིང་དཔེ་ཀློག་གི་རྒྱང་རྒྱུགས་ལ་བཞུག་རྒྱུར་རེ་སྒུག་བྱས་ཡོད།
གལ་ཏེ་གནད་དོན་ཡོད་ན་དྲ་སྦྲེལ་པུའུ་ལ་འབྲེལ་བ་གནང་རོགས། ༠༨༩༡-༦༨༣༢༩༩༣
ཨང་གྲངས། | རུས་མིང་། | ཁ་པར་ཨང་གྲངས། | བྱ་དགའ། |
1 | 拉伍 | 189****6119 | 一等奖 |
2 | 多杰 | 135****1315 | 二等奖 |
3 | 旦增曲培 | 173****5517 | 二等奖 |
4 | 白玛央金 | 138****2286 | 三等奖 |
5 | 洛松泽平 | 139****3720 | 三等奖 |
6 | 仁青 | 173****7888 | 三等奖 |
རྩོམ་སྒྲིག བསྟན་འཛིན་ལྷ་མོ།
ཞུ་དག བཀྲ་ཤིས་རྒྱལ་པོ།
ཞིབ་བཤེར། སྤེན་པ་ཚེ་རིང་།
མ་ཡིག་མཁོ་འདོན། དྲ་སྦྲེལ་པུའུ།