ལྗོངས་དཔེ་མཛོད་ཁང་ནས་གྲོང་ཚོའི་བཅའ་སྡོད་ལ་མགོ་འབྲེལ་ལས་དོན་སྤེལ།

教育   2024-11-29 14:49   西藏  


ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རོགས་སྐྱོར་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་ནས། རིག་དཔལ་གྱི་མཐོངས་རྒྱ་ཡངས་པོར་ཕྱེ་སྟེ་དར་རྒྱས་ལ་སྐུལ་འདེད་གཏོང་བ། 

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་2024ལོའི་ལོ་འཁོར་གྱི་གྲོང་ཚོའི་བཅའ་སྡོད་ས་ཚིགས་སུ་མགོ་འབྲེལ་རོགས་སྐྱོར་ལས་དོན་སྤེལ་བའི་སྐོར། 


ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་ཆེད་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་གོམ་གང་མདུན་སྤོས་ཀྱིས་ཏང་སྐྱོང་སྣེ་ཁྲིད་ཤུགས་ཆེར་བཏང་ནས་དབུལ་འགྲོལ་འགག་སྒྲོལ་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་ཀའི་གྲུབ་འབྲས་སྐུལ་སྤེལ་བཅས་བཏང་ནས་ཏང་སྐྱོང་གིས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད།  སྤྱི་ཟླ་11ཚེས་25ཉིན་ནས་26ཉིན་བར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཏང་ཨུད་ཨུ་ཡོན་དང་དཔེ་མཛོད་དབུ་ཁྲིད་སྐུ་གཞོན་བསོད་ནམས་སྒྲོལ་དཀར་གྱིས་ལྗོངས་དཔེ་མཛོད་ཁང་ཀྲེ་པུའུ་ཁག་གི་འཐུས་མི་བཅུ་གཉིས་ཀྱི་སྣེ་ཁྲིད་དེ་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རེ་ས་ཤང་བྲག་འོག་གྲོང་ཚོའི་བཅའ་སྡོད་ས་ཚུགས་སུ་བསྐྱོད་དེ་མགོ་འབྲེལ་རོགས་སྐྱོར་གྱི་ལས་དོན་སྤེལ་བ་མ་ཟད་ད་དུང་བྱིས་པའི་གྱོན་ཆས་སོགས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་དང་གསར་བརྗེའི་ཐོན་ཁུངས་རྫོང་ཨུད་ལས་ཁུངས་ལ་སྐྱེལ་བ་དང་། ཤང་སྲིད་གཞུང་ལ་སྐྱེལ་བའི་བྱེད་སྒོ་སྤེལ་བ༼ཨ་ཅག་གིས་སྒྲུང་ཤོད་པ ༽དང་། ༼ དཔེ་ཀློག་ཐུམ་སྒྲིལ༽གྲོང་ཚོའི་བཅའ་སྡོད་ས་ཚིགས་ལ་སྤྲོད་པའི་བྱེད་སྒོ་སྤེལ་བ། ༼ འཆད་ཁྲིད་མུན་སེལ་སྒྲོན་མེ ༽ གཞི་རིམ་ལ་སྤེལ་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་པ་དེ་དག་གཞི་རིམ་མང་ཚོགས་ཆིག་སྟོང་ལྷག་ཙམ་ལ་འཁེབས་པ་བྱུང་ཡོད། 



འཚམས་འདྲིའི་བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་མགོ་འབྲེལ་རོགས་སྐྱོར་ལས་དོན་ཚོགས་ཆུང་དང་རོགས་སྐྱོར་བྱ་ཡུལ་དབར་ལ་བྱམས་བརྩེའི་གླེང་མོལ་བྱས་པ་དང་། རོགས་སྐྱོར་བྱ་ཡུལ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཁག་ཤེས་རྟོགས་དེ་བས་གཏིང་ཟབ་ཡོང་རྒྱུར་རོགས་རམ་དང་ཁོང་ཚོས་གྲོང་གསེབ་དར་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་ཆབས་ཅིག་ལྗོངས་དཔེ་མཛོད་ཁང་ཀྲེ་པུའུ་ཁག་གི་འཐུས་མིས་རོགས་སྐྱོར་བྱ་ཡུལ་ལ་འཚམས་འདྲིའི་དངུལ་ཁྱོན་སྒོར་ཁྲི་2.74ཕུལ་བ་དང་དུས་མཚུངས་སུ་བྱིས་པའི་གྱོན་ཆས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བར་བརྟེན་ཕྲུ་གུ་རྣམས་གྲང་ངར་ཆེ་བའི་དགུན་དུས་སུའང་རོགས་སྐྱོར་ཚན་པས་སྦྱིན་པའི་དྲོ་སྐྱིད་མྱོང་ཚོར་ཐུབ་པ་བྱུང་ཡོད། བློ་མཐུན་བསོད་ནམས་སྒྲོལ་དཀར་གྱིས་རོགས་སྐྱོར་བྱ་ཡུལ་གྱི་ཁྱིམ་ཚང་དུ་འཚམས་འདྲིར་ཕེབས་ནས་ཁོང་ཚོའི་འཚོ་བའི་གནས་ཚུལ་དང་། ཁྱིམ་ཚང་གི་ཡོང་འབབ། བུ་ཕྲུག་གི་སློབ་གསོ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དྲིས་ནས་ཁོང་ཚོར་ཡིད་ཆེས་བརྟན་པོ་དང་དཀའ་ངལ་ཁྱད་བསད། བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་བཅས་ཀྱི་སྐུལ་མ་བཏང་ཡོད། 



དེ་རྗེས་གྲོང་ཚོའི་བཅའ་སྡོད་ས་ཚིགས་སུ“ཨ་ཅག་གིས་སྒྲུང་ཤོད་པའི”བྱེད་སྒོ་སྤེལ་བ་དང་། ཨ་ཅག་ཚོས་བྲག་འོག་གྲོང་ཚོའི་གྲོགས་པོ་ཆུང་ཆུང་རྣམས་ལ༼ སྔོ་རིལ་དང་སེར་རིལ  ༽ ༼ ང་ལ་གང་བྱུང་དུ་མ་རེག ༽ཟེར་བའི་སྒྲུང་གཏམ་ཁག་གཉིས་བཤད་པས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པ་དང་གྲོགས་པོ་ཆུང་ཆུང་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད། དེའི་སྐབས་སུ་ད་དུང༼ དཔེ་ཀློག་ཐུམ་སྒྲིལ  ༽ཁྱོན་25སྤྲད་པ་དང་གཞི་རིམ་གྱི་ཕྲུ་གུ་ལོ་0ནས་འགོ་བརྩམས་ཏེ་དཔེ་ཀློག་གི་སྤྲོ་སྣང་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་དཔེ་ཀློག་གི་གོམས་གཤིས་འཇགས་ཐུབ་པ་བྱས་ཡོད། 



དུས་མཚུངས༼ གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བའི ༽བརྗོད་བྱ་གཙོ་བོའི་གསར་བརྗེའི་ཐོན་ཁུངས་འགྲེམས་སྟོན་གྱི་་བྱེད་སྒོ་ཁག་གཉིས་སྤེལ་བ་དང་ཁག་རེ་རེར་འགྲེམས་པང་19བཀོད་སྒྲིག་བྱས་ཤིང་ལྗོངས་དཔེ་མཛོད་ཁང་གི་གསར་བརྗེའི་གྲངས་གཞིའི་ཐོན་ཁུངས་ཀྱི་རྒྱབ་ལྗོངས་ངོ་སྤྲོད་དང་ངོ་མཚར་ཆེ་བའི་དུམ་བུ་འགྲེམས་སྟོན་དེ་བཞིན་རི་མོར་ལྟ་བའི་ཕྱོགས་སྟོན་སོགས་བྱས་ཡོད། དེས་མ་ཟད་རེ་ས་ཤང་གི་དུས་རབས་གསར་པའི་དཔལ་ཡོན་ལྡན་པའི་ལག་ལེན་སོའོ་དང་ལྷ་རྩེ་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལྡན་པའི་ལག་ལེན་ལྟེ་གནས་ལ༼ ང་ནི་དམངས་སྡེ་བཅོ་བརྒྱད་པ་ཡིན ༽ ཟེར་བའི་སྟོད་ཆ་སྨད་ཆ་ཆ་ཚང་ཁག་ལྔ་ཞལ་འདེབས་ཕུལ་ཡོད། མུ་མཐུད་དེ་གྲངས་གཞིའི་ཐོན་ཁུངས་བེད་སྤྱོད་གཏོང་ཚད་མཐོ་རུ་ཕྱིན་པ་དང་གསར་བརྗེའི་རིག་གནས་ཀྱི་ཤུགས་རྐྱེན་རྒྱ་ཆེ་རུ་གཏོང་བ། གཞི་རིམ་མང་ཚོགས་ཚོས་གསར་བརྗེའི་ཐོན་ཁུངས་ལ་ཤེས་རྟོགས་དང་སྤྲོ་སྣང་འཕེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གསར་བརྗེའི་རིག་གནས་གཞི་རིམ་ལ་རྩ་བ་ཚུགས་ཐུབ་པ་དང་མྱུ་གུ་འབུས་ཐུབ་པ་བྱས་ཡོད། 

སྤྱི་ཟླ་11ཚེས་26ཉིན་ལྷ་རྩེ་རྫོང་ཨུད་ཀྱིས་རེ་བ་བཏོན་པ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དཔེ་མཛོད་ཞིབ་འཇུག་པ་པད་མ་བཀྲ་ཤིས་ཀྱིས༼ བོད་ཡིག་གནའ་དཔེའི་རྨང་གཞིའི་ཤེས་བྱ༽ བརྗོད་བྱ་གཙོ་བོར་བྱས་པའི་འཆད་ཁྲིད་མུན་སེལ་སྒྲོན་མེ་གཞི་རིམ་ལ་སྐྱེལ་བའི་བྱེད་སྒོ་སྤེལ་ཡོད། དོན་ཟབ་ཅིང་གོ་བདེ་བའི་ཐོག་ནས་བོད་ཡིག་གནའ་དཔེའི་གོ་དོན་དང་གནའ་དཔེའི་ངོ་བོ་གསུམ་འགྲེལ་བརྗོད་གནང་ཡོད་པ་དང་། བོད་ཡིག་གནའ་དཔེའི་རིགས་མི་འདྲ་བ་སོགས་ཀྱི་ཤེས་བྱའི་གནས་ལ་འགྲེལ་པ་གཏིང་ཟབ་པོ་བརྒྱབ་པས། ཕྱིས་སུ་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་གནའ་དཔེ་སྲུང་སྐྱོབ་དང་ཞིབ་འཇུག་མཉམ་ལས་བྱེད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཐུབ་པ་བྱུང་ཡོད་ལ་བོད་ཀྱི་གནའ་དཔེ་སྲུང་སྐྱོབ་དང་ཕུལ་བྱུང་རིག་གནས་ཤུལ་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་ཐུབ་ཡོད། 



ཐེངས་འདིའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དེས་རོགས་སྐྱོར་བྱ་ཡུལ་ལ་དངོས་པོའི་སྟེང་ནས་རོགས་སྐྱོར་ཐོབ་པ་ཙམ་མ་ཟད་བསམ་པའི་ཐོག་ནས་སྐུལ་མ་དང་རྒྱབ་སྐྱོར་ཧ་ཅང་ཆེན་པོ་ཐོབ་ཡོད་པས་མུ་མཐུད་དེ་རོགས་སྐྱོར་ཕྱོགས་ཕན་ཚུན་དབར་གྱི་བརྩེ་དུང་གི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། རྗེས་མཐུད་ཀྱི་རོགས་སྐྱོར་ལས་ཀ་ཡག་པོ་བསྒྲུབ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་ཡོད། ༼ དཔེ་ཀློག་ཁྱབ་གདལ་གཞི་རིམ་དུ་སྐྱོད་པའི ༽སྐོར་བསྐྱོད་ཞབས་ཞུའི་བྱེད་སྒོ་སྤེལ་བ་བརྒྱུད། དཔེ་མཛོད་ཁང་གི་ཞབས་ཞུ་གཞི་རིམ་ལ་མཆེད་པ་བྱེད་རྒྱུ་དང་དཔེ་མཛོད་ཁང་གི་སྐད་གྲགས་ཆོད་ཚད་དང་བག་ཆགས་འཇོག་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་སྟབས་བདེ་བསྐྲུན་རྒྱུ་ཡིན། སླད་ཕྱིན་ལྗོངས་དཔེ་མཛོད་ཁང་གིས་མུ་མཐུད་དེ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྐོར་བསྐྱོད་ཞབས་ཞུའི་བྱེད་སྒོ་འཚོལ་ཞིབ་བྱེད་རྒྱུ་དང་དེ་བས་མི་མང་བར་དཔེ་ཀློག་གི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་བྱེད་རྒྱུ་དང་གོམ་གང་མདུན་སྤོས་ཀྱིས་ཤེས་དཔལ་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། 


编辑:德珍

校对:索朗卓嘎

审核:边巴次仁

供稿:结对帮扶工作组

རྩོམ་སྒྲིག བདེ་སྒྲོན།

ཞུ་དག  བསོད་ནམས་སྒྲོལ་དཀར།

ཞིབ་བཤེར།  སྤེན་པ་ཚེ་རིང་།   

མ་ཡིག་མཁོ་འདོན། མགོ་འབྲེལ་རོགས་སྐྱོར་ལས་དོན་ཚོགས་ཆུང















































西藏自治区图书馆
提供西藏图书馆活动、培训、讲座等信息;随时提供西藏图书馆服务动态。
 最新文章