| ཟླ་བ་བཅུ་གཅིག་པའི་ | དཔེ་ | དེབ་ | འོས་ | སྦྱོར། |
No.1
རྩ་བའི་ཆ་འཕྲིན།
དཔེ་དེབ་ཀྱི་མཚན་བྱང་། བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ་བཞུགས་སོ།
བསྒྲིགས་པ་པོ། ཧི་མ་ལ་ཡའི་རིག་མཛོད་ཁང་།
གཙོ་སྒྲིག་པ། དབོན་སྤྲུལ་ཚེ་རིང་རྡོ་རྗེ།
དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དཔེ་དེབ་འཚོལ་བྱའི་ཨང་གྲངས། R291.4/311
ཉར་ཚགས་ཁུལ། བོད་ཡིག་དཔེ་ཀློག་ཁང་།
No.2
ནང་དོན་གཙོ་བོ།
དཔེ་ཚོགས་འདི་ནི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་གཙོ་གནད་པར་སྐྲུན་ལས་གཞི་ཆེན་པོ་ཞིག་ཡིན། འདིའི་ནང་དུ་གསོ་རིག་ལོ་རྒྱུས་དང་གསོ་སྤྱད་གཞུང་རྙིང་། གསོ་རིག་རྒྱུད་བཞི། རྒྱུད་འགྲེལ་ཆ་ལག སྨན་ཐང་བྲིས་ཆ། ནད་ཐོག་ཉམས་ཡིག སྦྱོར་བ་སྨན། སྒྲུབ་ཐབས་ལས་ཚོགས། ཉེར་མཁོ་སྣ་ཚོགས་བཅས་དང་། ད་དུང་རྒྱལ་སྨན་སློབ་དཔོན་ཆེན་མོ་གོ་འཇོ་དབང་འདུས་ཀྱི་གསུང་བཏུས་བཅས་སྡེ་ཚན་ཆེ་བ་བཅུ་དང་། དཀར་ཆག་པོད་གསུམ་བཅས་ཁྱོན་བསྡོམས་སྡེ་ཚན་བཅུ་གཅིག་ཏུ་ཕྱེས་ནས་བསྒྲིགས་ཡོད།
No.3
འོས་སྦྱོར་ཞུ་རྐྱེན།
༼ཀུན་འདུས་ཆེན་མོ༽ནི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་གསོ་རིག་ཡིག་ཚགས་ཁང་ཞིག་དང་འདྲ་བས་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ཡོད་པ་མ་ཟད། བོད་ལུགས་གསོ་རིག་གི་སློབ་གླིང་དང་། སྨན་རྩིས་ཁང་། དགོན་སྡེ་གྲྭ་ཚང་། བོད་ལུགས་གསོ་རིག་དང་བོད་སྨན་བཅས་ཀྱི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་བཅས་ལ་དགོས་ངེས་ཡིན་ཞིང་། བོད་ཀྱི་གསོ་རིག་དར་སྤེལ་ལ་མཛད་རྗེས་བླ་མེད་བཞག་ཡོད།།
རྩོམ་སྒྲིག པ་སངས་ནོར་བུ།
ཞུ་དག སྤེན་པ་ཚེ་རིང་།
ཞིབ་བཤེར། སྤེན་པ་ཚེ་རིང་། བསོད་ནམས་སྒྲོལ་དཀར།
མ་ཡིག་མཁོ་འདོན། བསྡུ་སྒྲིག་པུའུ།