| ཟླ་བ་དང་པོའི་ | དཔེ་ | དེབ་ | འོས་ | སྦྱོར། |
No.1
རྩ་བའི་ཆ་འཕྲིན།
དཔེ་དེབ་ཀྱི་མཚན་བྱང་། ༼ངོ་མཚར་བྱང་ཐང་། གླིང་སྣེའི་མཚེའུ་གཉིས།༽
སྒྲིག་པ་པོ། སྲིད་གྲོས་མཚེའུ་གཉིས་རྫོང་ཨུ་ཡོན་ལྷན་ཁང་།
དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དཔེ་དེབ་འཚོལ་བྱའི་ཨང་གྲངས། J421.75/1
ཉར་ཚགས་ཁུལ། བོད་ཡིག་དཔེ་ཀློག་ཁང་།
No.2
ནང་དོན་གཙོ་བོ།
དཔེ་དེབ་འདི་ཉིད་གནའ་དེང་ཟུང་འབྲེལ་དང་། ཁ་གསལ་གོ་བདེར་བྲིས་ཤིང་བསྡུ་སྒྲིག་པས་ལོ་རྒྱུས་ཀྱི་མིག་དབང་དང་རིག་གནས་ཀྱི་མཐོང་སྣེ། སྒྱུ་རྩལ་གྱི་ཐབས་རྩལ་སྤྱད་དེ་མཚེའུ་གཉིས་རྫོང་ཁུལ་གྱི་རྣམ་པ་ངོ་སྤྲོད་བྱས་པར་མ་ཟད། ཡུལ་འདིའི་མི་ཆོས་དང་མཛེས་ལྗོངས། ལོ་རྒྱུས་འཕེལ་རིམ། རི་ཆུའི་བཀོད་པ། རི་སྐྱེས་སྲོག་ཆགས། ཡུལ་མིའི་གོམས་སྲོལ་སོགས་གང་ཐུབ་ཏུ་འཚོལ་བསྡུ་བྱས་ཡོད།
No.3
འོས་སྦྱོར་ཞུ་རྐྱེན།
དཔེ་དེབ་འདི་ནི་མཚེའུ་གཉིས་རྫོང་དྲིལ་སྒྲོག་དང་། རྒྱུས་ལོན། ཞིབ་འཇུག་བཅས་བྱེད་པར་བཀླགས་རིན་ལྡན་པའི་དཔེ་དེབ་ཅིག་ཡིན་པར་མ་ཟད། མཚེའུ་གཉིས་ཀྱི་ལོ་རྒྱུས་འཕེལ་རིམ་དང་། ཡུལ་སྲོལ་གོམས་འདྲིས། རི་ཆུའི་རིག་གནས། རི་སྐྱེས་སྲོག་ཆགས་སོགས་གོ་རིམ་ལྡན་པའི་སྒོ་ནས་དག་བསྒྲིགས་བྱས་ཡོད་པས། ཤེས་བྱའི་རང་བཞིན་དང་། འབྱུང་ཁམས་རང་བཞིན། རྒྱུད་རིམ་རང་བཞིན། རིག་གཞུང་རང་བཞིན་བཅས་ལྡན་པས་འོས་སྦྱོར་ཞུས་པ་ལགས།
编辑:旦增措成
校对:边巴次仁
审核:边巴次仁
供稿:采编部
རྩོམ་སྒྲིག བསྟན་འཛིན་ཚུལ་ཁྲིམས།
ཞུ་དག སྤེན་པ་ཚེ་རིང་།
ཞིབ་བཤེར། སྤེན་པ་ཚེ་རིང་།
མ་ཡིག་མཁོ་འདོན། བསྡུ་སྒྲིག་པུའུ།