|ཟླ་བ་བཅུ་གཅིག་པའི་|དཔེ་|དེབ་|འོས་|སྦྱོར།|
No.1
རྩ་བའི་ཆ་འཕྲིན།
དཔེ་དེབ་ཀྱི་མཚན་བྱང་། ༼བོད་ཀྱི་ཟློས་གར་རིག་པའི་སྙིང་པོ་བློ་གསལ་ཡིད་རོལ་བཞུགས་སོ།༽
རྩོམ་པ་པོ། བདེ་སྨོན་བྱམས་པ་ཆོས་རྒྱལ།
དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དཔེ་དེབ་འཚོལ་བྱའི་ཨང་གྲངས། J825.75/1
ཉར་ཚགས་ཁུལ། བོད་ཡིག་དཔེ་ཀློག་ཁང་།
No.2
ནང་དོན་གཙོ་བོ།
དཔེ་དེབ་འདིའི་ནང་བོད་ཀྱི་ཟློས་གར་རིག་པ་དང་འབྲེལ་བའི་གལ་ཆེའི་ཐ་སྙད་འགའི་གོ་དོན་དང་། བོད་ཀྱི་ཟློས་གར་འབྱུང་འཕེལ་གྱི་ལོ་རྒྱུས། ཟློས་གར་བསྟན་བཅོས། བོད་ཀྱི་ཟློས་གར་ལོ་རྒྱུས་ནང་དམིགས་བསལ་མཛད་རྗེས་ཆེ་བའི་མི་སྣ་ཐང་སྟོང་རྒྱལ་པོའི་སྐོར། དེ་བཞིན་ལྷ་མོའི་ཟློས་གར་ཚོགས་པ་ཁག་དང་ལྷ་མོའི་ཟློས་གར་གྱི་མིང་གི་འབྱུང་ཁུངས། བོད་ལྗོངས་སུ་དར་ཁྱབ་ཆེ་བའི་ལྷ་མོའི་ཟློས་གར་གྱི་གཞུང་ཆེ་བ་བརྒྱད་དང་ཆུང་བ་ལྔ་བཅས་འཁོད་འདུག
No.3
འོས་སྦྱོར་ཞུ་རྐྱེན།
བོད་ཀྱི་ཟློས་གར་ནི་ཀྲུང་ཧཱ་མི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་དུ་ངོ་མཚར་ཆེ་ཞིང་ཐུན་མོང་མ་ཡིན་པའི་རིག་གནས་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་། མེས་པོས་ངེད་ཚོར་བཞག་གནང་མཛད་པའི་རྩ་ཆེའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པས། རྒྱ་ཆེའི་འབྲེལ་ཡོད་མི་སྣ་དང་། ཀློག་པ་པོས་བོད་ཀྱི་ཟློས་གར་རིག་གནས་དང་འབྲེལ་བའི་ཤེས་བྱ་ཤེས་རྟོགས་དང་། རྒྱུས་མངའ་ལེན་པ་སོགས་དགོས་དོན་དུ་མར་དམིགས་ནས་འདིར་འོས་སྦྱོར་ཞུས་པ་ཡིན།།
རྩོམ་སྒྲིག པ་སངས་ནོར་བུ།
ཞུ་དག པ་སངས་ནོར་བུ།
ཞིབ་བཤེར། སྤེན་པ་ཚེ་རིང་། བསོད་ནམས་སྒྲོལ་དཀར།
མ་ཡིག་མཁོ་འདོན། བསྡུ་སྒྲིག་པུའུ།