སྤྱི་ལོ༢༠༢༤ལོའི་དཔེ་དེབ་གཡར་ཀློག་གི་བང་རིམ་མིང་ཐོ།

教育   2025-01-01 10:00   西藏  

西图排行榜

སྤྱི་ལོ༢༠༢༤ལོའི་དཔེ་དེབ་གཡར་ཀློག་གི་བང་རིམ་མིང་ཐོ།

སྙིང་ཉེ་བའི་ཀློག་པ་པོ་ཚོ།    

དུས་ཚོད་ནི་ཆུ་མོ་བཞིན་དུ་བཞུར། དུས་བཞི་ནི་བར་མེད་དུ་རྒྱུ། མིག་ཡུད་ཙམ་ཅིག་ལ་སྤྱི་ལོ༢༠༢༤ལོ་མཇུག་སྒྲིལ་ལ་ཁད།ལོ་དེའི་ནང་དཔེ་མཛོད་ཁང་གིས་ཤེས་བྱའི་གནས་ལ་སྐོམ་པ་ཆུ་འདོད་ལྟར་གནང་མཁན་གྱི་ཀློག་པ་པོ་གྲངས་མེད་ཀྱི་བདེན་དཔང་བྱས་ཡོད་ལ།དཔེ་དེབ་ཀྱི་ཤོག་ལྷེ་ལྷོགས་པའི་སྐད་སྒྲ་ཟིན་བྲིས་སུ་བཀོད་ཡོད།ཚང་མས་ལོ་གཅིག་རིང་དཔེ་མཛོད་ཁང་ལ་རྒྱབ་སྐྱོར་དང་བརྩེ་བ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ཀློག་པ་པོ་དེ་བས་མང་བ་དཔེ་ཀློག་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་ཆེད།ད་ལྟ་ང་ཚོས་དཔེ་མཛོད་ཁང་གི་རང་འགུལ་མ་ལག་གི་དཔེ་དེབ་གཡར་ཀློག་ཟིན་ཐོར་བསྡོམས་རྩིས་བྱས་པ་གཞིར་བཟུང་སྤྱི་ལོ༢༠༢༤ལོའི་དཔེ་དེབ་གཡར་ཀློག་གི་བང་རིམ་བཟོས་ཡོད།     
    ང་ཚོས་ཨང་རིམ་བཅུ་ཡན་གྱི་དཔེ་དེབ་ལ་མཉམ་དུ་གཟིགས་དོ། ཁྱེད་རང་གིས་ཀློག་ཟིན་པ་དང་ཀློག་འདོད་པའི་དཔེ་དེབ་འདུག་གམ། 

བོད་ཡིག་དཔེ་དེབ།



དང་པོ། 


རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་འབུམ་བཞུགས་སོ།པོད་དང་པོ་ནས་བརྒྱད་པ་བར།


དཔལ་སྔ་འགྱུར་རྫ་རྒྱལ་དགོན་བསྡུ་སྒྲིག་ཁང་གིས་བསྒྲིགས།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

 འཚོལ་བཤེར་ཨང་རྟགས།    B949.92/188


གཉིས་པ།


དབྱིན་ཇིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། དེབ་དང་པོ་ནས་ལྔ་པའི་བར།

l

སྟོབས་ལྡན་དང་བཀྲ་ཤིས་དོན་འགྲུབ་ཀྱིས་གཙོ་སྒྲིག་བྱས།

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

འཚོལ་བཤེར་ཨང་རྟགས།    K870.6/12


གསུམ་པ།


གླིང་སྒྲུང་གཅེས་བཏུས།༡༧མངའ་རིས་གསེར་རྫོང་།


མི་འགྱུར་གྱིས་བསྒྲིགས།

མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

འཚོལ་བཤེར་ཨང་རྟགས།     I291.47/92:17


བཞི་པ།  


 གླིང་སྒྲུང་གཅེས་བཏུས།༡༦ཕྱི་གླིང་ལྕགས་རྫོང་།

l

བསྟན་འཛིན་ཕུན་ཚོགས་ཀྱིས་བསྒྲིགས།

མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

འཚོལ་བཤེར་ཨང་རྟགས།    I291.47/92:16


ལྔ་པ།


དུས་རབས།༩-༡༩པའི་བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན། སྟོད་སྨད།


པད་མ་བཀྲ་ཤིས་ཀྱིས་བརྩམས།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

འཚོལ་བཤེར་ཨང་རྟགས། G256.4/1








དྲུག་པ། 


བྱམས་མེ་ལྷ་མཆོག་ངག་དབང་ཆོས་དཔལ་རྒྱ་མཚོའི་གསུང་འབུམ་བཞུགས་སོ།པོད་དང་པོ་ནས་བཞི་པའི་བར།


བྱམས་མེ་ལྷ་མཆོག་ངག་དབང་ཆོས་འཕེལ་རྒྱ་མཚོས་མཛད།

མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

འཚོལ་བཤེར་ཨང་རྟགས། K281.4-53/104


བདུན་པ། 


རིག་པའི་སྒྲོན་མེ།མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་དྲིས་ལན།


དུང་དཀར་འཇིགས་མེད་དང་ངག་དབང་ཆོས་འཕགས་ཀྱིས་བསྒྲིགས།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

འཚོལ་བཤེར་ཨང་རྟགས། K281.4/106



བརྒྱད་པ།


རི་རྩེའི་སྤྲིན་དཀར།ཚེ་རིང་དབྱངས་སྐྱིད་ཀྱི་བརྩམས་སྒྲུང་ལེགས་བསྒྲིགས།


ཚེ་རིང་དབྱངས་སྐྱིད་ཀྱིས་བརྩམས།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

འཚོལ་བཤེར་ཨང་རྟགས། I247.7/5

དགུ་པ། 


གསོ་བ་རིག་པའི་རོ་བཀྲའི་དཔེ་རིས་ཀུན་གསལ་མེ་ལོང་།



པདྨ་རབ་བརྟན་དང་སངས་རྒྱས་འབུམ་གཉིས་ཀྱིས་སྒྱུར་སྒྲིག་བྱས།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

འཚོལ་བཤེར་ཨང་རྟགས། R291.4-64/2

བཅུ་པ།


བོད་ཀྱི་དམངས་ཁྲོད་ངག་རྒྱུན་རིག་གནས་དཔེ་ཚོགས།  དེབ་ཕྲེང་དང་པོ།  ༡-༤ དམངས་ཁྲོད་གཏམ་རྒྱུད། བོད་རྒྱ་ཤན་སྦྱར།


བྲུག་ཐར་གྱིས་གཙོ་སྒྲིག་བྱས།

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

འཚོལ་བཤེར་ཨང་རྟགས། I277/3:1(1-4)




  རྩོམ་སྒྲིག        ཏེའེ་ཡུན་ཞ།

  ཞུ་དག         བདེ་སྐྱིད་དཔལ་སྒྲོན། 

  ཞིབ་བཤེར།      སྤེན་པ་ཚེ་རིང་།

  མ་ཡིག་མཁོ་འདོན། དཔེ་དེབ་ཉར་ཚགས་པུའུ།



西藏自治区图书馆
提供西藏图书馆活动、培训、讲座等信息;随时提供西藏图书馆服务动态。
 最新文章