ལོ་གསར་ཚེས་གཅིག་ལ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་ཁ་ཆད་བྱེད།

教育   2025-01-26 22:00   西藏  


ང་ཚོའི་དུས་ཆེན། བསམ་པའི་ཁྱིམ་གཞིས།

དཔེ་མཛོད་ཁང་དང་ཁ་ཆད་བྱེད། ཐོས་བསམ་ཀློང་ནས་ལོ་གསར་རོལ།

ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། དམངས་ཡོངས་གྲངས་གཞིའི་བྱང་ཚད་དང་རྩལ་ནུས་མཐོར་འདེགས་གཏང་ནས། དཔེ་ཀློག་གི་དྲི་བསུང་འཐུལ་བའི་ལོ་གསར་གྱི་རྣམ་པ་ཟབ་མོ་ཞིག་སྐྲུན་ཆེད། 

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ལོ་གསར་ཚེས་གཅིག་ཉིན་ཁྱེད་རྣམས་ལ་དཔེ་དེབ་སྤུས་ལེགས་དང་ཕུན་སུམ་ཚོགས་པའི་གྲངས་གཞིའི་ཐོན་ཁུངས། དཔེ་ཀློག་ཁྱབ་གདལ་གྱི་ཐོན་རྫས་བཅས་གྲ་སྒྲིག་བྱས་ཡོད་པས་སྐུ་ཉིད་ལོ་གསར་ཚེས་གཅིག་ཉིན་ཤེས་བྱ་དང་རིག་གནས་ཀྱི་གསོལ་སྟོན་ལ་བཞུགས་ནས་དཔེ་ཀློག་གི་དྲི་བསུང་འཐུལ་བའི་གནམ་ལོ་གསར་ཚེས་མཉམ་དུ་བསུ་བར་གདན་འདྲེན་ཞུ།



ས་གནས།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་།


དུས་ཚོད།

སྤྱི་ལོ༢༠༢༥ལོའི་ཟླ༡པའི་ཚེས༢༩ཉིན་གྱི་སྔ་དྲོའི་ཆུ་ཚོད༡༠: ༠༠


ནང་དོན།

༡  ལོ་གསར་ཚེས་གཅིག་ཉིན་དཔེ་མཛོད་ཁང་ནང་ཕེབས་མཁན་ཀློག་པ་པོར་དཔེ་དེབ་༡༢༠ཕྱག་རྟགས་སུ་ཕུལ་རྒྱུའི་གྲ་སྒྲིག་བྱས་ཡོད། ༼རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔེ་དེབ་ཡོད༽མི་རེར་དེབ་རེ་སྔ་ཕྱིའི་གོ་རིམ་བཞིན་མ་རྫོགས་བར་ཕུལ་རྒྱུ་ཡིན།

༢  ཀློག་པ་པོས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་ཨང་གྲངས་ལ་དོ་ཁུར་གནང་སྟེ། བྱ་དགའ་འཐེན་པའི་བྱེད་སྒོའི་ནང་ཞུགས་ནས་དཔེ་ཀློག་ཁྱབ་གདལ་གྱི་ཐོན་རྫས་བཞེས་ཆོག

༣  བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཐོན་ཁུངས་ཞིབ་དཔྱད་བཙལ་འཚོལ་མ་ལག་དང་འཕྲིན་ཕྲན་སྤྱི་སྟེགས་སོགས་གྲངས་གཞིའི་དཔེ་ཀློག་སྟེགས་བུའི་ཐོག་ནས་རིན་མེད་གྱི་གྲངས་གཞིའི་ཐོན་ཁུངས་སྣ་ཚོགས་བེད་སྤྱད་ནས་རིག་པའི་ཐང་ཆེན་བརྒལ་ཏེ་ཤེས་བྱའི་བདུད་རྩི་ལེན་པར་ཕེབས་གནང་ཡོད་པ་ཞུ།




རྩོམ་སྒྲིག  བསྟན་འཛིན་ལྷ་མོ།

ཞུ་དག  བཀྲ་ཤིས་རྒྱལ་པོ། བདེ་སྐྱིད་དཔལ་སྒྲོན།

ཞིབ་བཤེར།  དབྱངས་ཅན་སྒྲོལ་དཀར།  སྤེན་པ་ཚེ་རིང་།

མ་ཡིག་མཁོ་འདོན།  དྲ་སྦྲེལ་པུའུ། མཛོད་ཉར་པུའུ། 

西藏自治区图书馆
提供西藏图书馆活动、培训、讲座等信息;随时提供西藏图书馆服务动态。
 最新文章