དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་ནུས་རྩལ་ཡར་རྒྱས་གཏོང་བའི་སྐབས་བཞི་པའི་༼ཡུན་སྲིང་དཔེ་ཀློག༽འགྲན་བསྡུར་ཐེངས་བཞི་པ་སྤེལ་རྒྱུ་ཡིན།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་པ་བྱེད་པ་དང་། དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་ནུས་རྩལ་ཡར་རྒྱས་གཏོང་བའི་བྱ་སྤྱོད་སྤེལ་བ། དམངས་ཡོངས་ལ་དཔེ་ཀློག་ཁྱབ་གདལ་གཏོང་བ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་གཏོང་བ་བཅས་ཀྱི་ཆེད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་སྐབས་བཞི་པའི་༼ཡུན་སྲིང་དཔེ་ཀློག༽འགྲན་བསྡུར་ཐེངས་བཞི་པ་སྤེལ་རྒྱུ་ཡིན།
མི་ཚེ་ནི་ཡུན་སྲིང་རྒྱང་རྒྱུག་དང་འདྲ་བར། རྒྱལ་ཁ་ཐོབ་པའི་འགག་རྩ་ནི་ལམ་བར་གྱི་ཧོབ་ཤུགས་མ་ཡིན་པར་ལྷོད་མེད་ཀྱི་རྒྱུན་འཁྱོངས་འདི་ཡིན་པས། སྐུ་ཉིད༼ཡུན་སྲིང་དཔེ་ཀློག༽ལ་བཞུགས་རྒྱུར་གདན་འདྲེན་ཞུ། འབྲེལ་ཡོད་དོན་གནད་སྤྱི་བསྒྲགས་གཤམ་གསལ་ལྟར།
དང་པོ། བརྗོད་དོན།
དཔེ་ཀློག་ནི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་འགྱུར་དགོས།
གཉིས་པ། དུས་ཚོད།
༡ དཔེ་ཀློག་གི་དུས་ཚོད།
༢༠༢༤ལོའི་ཟླ་༡༢པའི་ཚེས་༢༥ཉིན་ནས་༢༠༢༤ལོའི་ཟླ་༡༢པའི་ཚེས་༢༩ཉིན་བར།
༢ ལན་འདེབས་པའི་དུས་ཚོད།
༢༠༢༤ལོའི་ཟླ་༡༢པའི་ཚེས་༣༠ཉིན་ནས་༢༠༢༤ལོའི་ཟླ་༡༢པའི་ཚེས་༣༡ཉིན་བར།
གསུམ་པ། འགྲན་བསྡུར་ནང་ཞུགས་ཐབས།
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་གཤམ་འོག་གི་༼བདག་གི་དཔེ་མཛོད་ཁང་གི་བྱེད་སྒོའི་ཐང་ཆེན ༽ བསྣན་ནས་དཔེ་ཀློག་གི་ལེ་ཚན་དང་ལན་འདེབས་པའི་ལེ་ཚན་ནང་ཞུགས་ཆོག་པ་དང་། འཕྲིན་ཕྲན་དབང་སྤྲོད་བྱས་ནས་ཐོ་འགོད་བྱས་ཆོག
བཞི་པ། འགྲན་བསྡུར་སྒྲིག་སྲོལ།
༡ ད་ཐེངས་ཀྱི་བྱེད་སྒོ་དེ་ཁག་གཉིས་སུ་དབྱེ་ཡོད་པ་སྟེ། གཅིག་ནི། གཏན་འཁེལ་གྱི་དུས་ཚོད་ནང་དཔེ་དེབ་གཅིག་ཀློག་ཚར་བ་བྱ་རྒྱུ་དང་། དཔེ་ཀློག་གི་གནས་ཚུལ་ལ་གཞིགས་ཏེ་དེ་མཚུངས་ཀྱི་སྐར་མ་སྤྲོད་རྒྱུ། གཉིས་ནི། དཔེ་དེབ་ཀྱི་ནང་དོན་ལ་གོ་བ་ལེན་པའི་གནས་ཚུལ་ལ་གཞིགས་ཏེ་དྲ་ཐོག་ནས་ལན་འདེབས་དགོས། མཐར་ཁག་གཉིས་ཀྱི་སྐར་གྲངས་བསྡོམས་རྩིས་བརྒྱབ་སྟེ་ཨང་རིམ་བསྒྲིག་རྒྱུ་ཡིན།
༢ ད་ཐེངས་ཀྱི་འགྲན་བསྡུར་ནང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཚོགས་ཆུང་དང་གྲངས་ཉུང་མི་རིགས་སྐད་ཡིག་ཚོགས་ཆུང་༼བོད་ཡིག༽གཉིས་དབྱེས་ཡོད། འགྲན་བཞུགས་པས་ཚོགས་ཆུང་གཅིག་ལས་གདམ་མི་རུང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཚོགས་ཆུང་གི་དཔེ་དེབ་ནི་རྩོམ་རིག་རིགས་ཡིན་པ་དང་གྲངས་ཉུང་མི་རིགས་སྐད་ཡིག་ཚོགས་ཆུང་༼བོད་ཡིག༽གི་དཔེ་དེབ་ནི་ལོ་རྒྱུས་རིགས་ཡིན།
ལྔ་པ། སྐར་མ་རྩིས་རྒྱག་པའི་ཚད་གཞི།
༡ ཉིན་རེར་མིང་ཐེངས་རེ་འགོད་དགོས་པ་དང་། ཐེངས་རེར་སྐར་མ་༡བརྩི་རྒྱུ།
༢ དཔེ་ཀློག་སྐར་མ་༢༠བྱས་ཚེ་སྐར་མ་༣སྤྲོད་རྒྱུ་དང་། ཉིན་རེར་སྐར་མ་༩སྤྲོད་རྒྱུ།
༣ མི་རེས་ཐེངས་གཅིག་མ་གཏོགས་ལན་འདེབས་མི་ཆོག ལན་འདེབས་པའི་དུས་ཚོད་ནི་སྐར་མ་༡༠ཡིན་པ་དང་། དྲི་བ་རེར་ལན་འདེབས་པའི་དུས་ཚོད་ནི་སྐར་ཆ་༢༠ཡིན། ལན་འདེབས་ཞོར་དུ་ཕྱིར་འཐེན་བྱས་ཚེ་ལན་བཏབ་ཟིན་པར་བརྩི་རྒྱུ། ལན་བཏབ་པའི་སྐར་གྲངས་ནི་སྐར་མ་༡༠༠ཡིན།
དྲུག་པ། བྱ་དགའ་བཀོད་སྒྲིག
རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཚོགས་ཆུང་དང་གྲངས་ཉུང་མི་རིགས་སྐད་ཡིག་ཚོགས་ཆུང་རེ་ནས་ཨང་དང་པོ་ནས་དྲུག་པའི་བར་ལ་ལག་ཁྱེར་དང་བྱ་དགའ་སྤྲོད་རྒྱུ། ༼དེའི་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན་༡དང་། བྱ་དགའ་ཨང་གཉིས་པ་ཐོབ་མཁན་༢ བྱ་དགའ་ཨང་གསུམ་པ་ཐོབ་མཁན་༣བཅས་ཡོད༽
བདུན་པ། དོ་སྣང་བྱ་དགོས་པ།
༡ བྱེད་སྒོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཐུབ་ཆེད། དཔེ་ཀློག་གི་དབང་ཆ་སྤྲད་པའི་འཕྲིན་ཕྲན་དང་ལན་འདེབས་པར་དབང་ཆ་སྤྲད་པའི་འཕྲིན་ཕྲནགཉིས་གཅིག་མཐུན་ཡིན་དགོས་པར་མ་ཟད། ལག་ཐོག་ཁ་པར་གྱི་ཨང་གྲངས་ཀྱང་གཅིག་མཐུན་ཡིན་དགོས།
༢ མི་རེ་བྱེད་སྒོའི་ནང་ཐེངས་གཅིག་ལས་ཞུགས་མི་ཆོག་པ་དང་། གལ་ཏེ་ཐེངས་མང་པོར་ཞུགས་ཚེ་དེའི་ཁྲོད་ཀྱི་སྐར་འབྲས་ཡག་ཤོས་དེ་སྤྱིའི་ཨང་རིམ་ནང་བརྩི་རྒྱུ།
༣ བྱ་དགའ་ཐོབ་མཁན་གྱི་མིང་ཐོ་དེ་ལན་བཏབ་ཚར་རྗེས་ཀྱི་གཟའ་འཁོར་གཅིག་ནང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་ཐོག་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས་སྐབས་དེར་དོ་ཁུར་གནང་རོགས།
༤ ད་ཐེངས་ཀྱི་བྱེད་སྒོའི་མཐའ་མའི་འགྲེལ་བཤད་དབང་ཆ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་དབང་ཡོད།
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས།
༢༠༢༤ལོའི་ཟླ་༡༢ཚེས་༢༢ཉིན།
རྩོམ་སྒྲིག བཀྲ་ཤིས་རྒྱལ་པོ།
ཞུ་དག བཀྲ་ཤིས་རྒྱལ་པོ།
ཞིབ་བཤེར། དབྱངས་ཅན་སྒྲོལ་དཀར། སྤེན་པ་ཚེ་རིང་།
མ་ཡིག་མཁོ་འདོན། དྲ་སྦྲེལ་པུའུ།