ཀན་ལྷོ་ཁུལ་གྱིས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་འཛུགས་པའི་ཇ་སྟོན་གྲོས་ཚོགས་བསྡུས། ཟླ11པའི་ཚེས7ཉིན་གྱི་དགོང་མོར། རང་ཁུལ་གྱིས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་འཛུགས་པའི་ཇ་སྟོན་གྲོས་ཚོགས་གཙོས་སུ་སྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་གྲོས་ཚོགས་སུ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཁུལ་གྱི་འགོ་ཁྲིད་ཝང་ཅན་ཅུན་དང་རིན་ཆེན་དོན་གྲུབ། ལིའུ་ཀྲེ་ཅུན། ཝང་གོ་ཅུན། སྒོ་མང་ཚང་བློ་བཟང་བརྩོན་འགྲུས་རྒྱ་མཚོ། དབྱང་ཞའོ་མེ། ཏེང་ཝིན་ཧྭ། པེ་ལུའུ་དབྱི་བཅས་གྲོས་ཚོགས་སུ་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཝང་ལི་ཡིས་ཇ་སྟོན་གྲོས་ཚོགས་ཀྱི་མགོ་བཟུང་།
དབྱང་ཝུའུ་ཡིས་སྐབས་གསར་བའི་ཁུལ་ནང་བསྟན་མཐུན་ཚོགས་དང་ཁུལ་དབྱི་སི་ལན་ལས་རིགས་མཐུན་ཚོགས་ཀྱི་ཚན་ཁག་གིས་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། ཆོས་ལུགས་ལ་དགའ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། རང་སྟེང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་སྟེང་རང་རྟོགས་མང་ཙམ་བྱེད་པ། ཕྱོགས་ཡོངས་ནས་སློབ་གསོ་ནན་སྐྱོང་སྟེང་འགན་འཁྲི་མང་ཙམ་འཁུར་བ་བཅས་བྱས་ཏེ། དམངས་ལ་ཕན་པའི་བྱེད་ཐབས་མང་ཙམ་སྤྱོད་པ་དང་འཕེལ་རྒྱས་ཇུས་གཞི་མང་པོ་འདོན་པ། མཐུན་སྒྲིལ་ལ་སྐུལ་བའི་སྟོབས་ཤུགས་ཆེན་མོ་འདོན་པ། གཏན་འཇགས་ཡོང་བའི་འགན་འཁྲི་དམ་དུ་འཁུར་ནས། “དམིགས་ས་དྲུག”འབུར་དུ་གཏོད་པ་དང“འགུལ་སྐྱོད་ཆེན་མོ་དྲུག”ལག་ཏུ་བསྟར་བ། ཕྱོགས་ཡོངས་ནས་དུས་རབས་གསར་བའི“ཁྱད་ཆོས་ལྔ་ལྡན་གྱི་ཀན་ལྷོ”བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་སྲ་བརྟན་ཏུ་གཏོང་བའི་དཔེ་སྟོན་ཁུལ་བསྐྲུན་ཆེད་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན། ཝང་ལི་ཡིས་མགོ་འཛིན་བྱེད་སྐབས་ཚང་མས་དད་ལྡན་མང་ཚོགས་མེས་རྒྱལ་ལ་དགའ་བ་དང་ཀྲུང་ཧྭ་མི་རིགས་ལ་དགའ་བར་ཁྲིད་སྟོན་བྱེད་པ་དང་། ཀན་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཞུགས་ནས། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ཡོང་བར་ནུས་པ་གང་ཡོད་འདོན་དགོས་པའི་རེ་བ་ཡོད་ཅེས་བསྟན།
ཇ་སྟོན་གྲོས་ཚོགས་སུ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་སྐལ་བཟང་ཡར་འཕེལ་དང་ཁུལ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཀྲིས་བརྗོད་དོན་གཙོ་བོར་དམིགས་ནས་གཏམ་བཤད།
ཚང་མས་མཉམ་དུ་ཡིད་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་ལ་བལྟས། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་རྟ་མགྲིན་སྐྱབས་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ལྕགས་བྱམས་རྡོ་རྗེ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཚན་ཁག་གི་ཁོངས་མི། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་བའི་འཐུས་མི་ཡོངས། ཁུལ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་ཡོངས་བཅས་ཇ་སྟོན་གྲོས་ཚོགས་སུ་ཞུགས།།
རྩོམ་སྒྲིག་པ། གཡང་མོ་སྐྱིད།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ། རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།