࿑ ཚད་མེད་བཞི་བསྒོམ་སྟངས་ཀྱི་དྲིས་ལན།
如何修持四无量心的答复:
࿑ རང་གི་དུས་གསུམ་གྱི་བདེ་བ་དང་དགེ་བ་ཐམས་ཅད་སྣ་བུག་ནས་རླུང་ཕྱིར་འགྲོ་བ་དང་མཉམ་དུ་འོད་ཟེར་དཀར་པོའི་རྣམ་པས་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པར་གྱུར་སོང་དྲན།
观想:自己三时一切乐善同鼻孔出气,现白光之相,照于一切众生使得具足快乐。
࿑ སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཡོད་ཚད་རང་གི་སྣ་བུག་ནས་རླུང་ནང་དུ་བརྔུབ་པ་དང་མཉམ་དུ་འོད་ཟེར་ནག་པོའི་རྣམ་པས་ནང་དུ་འོང་རང་གི་རྒྱུད་ཀྱི་བདག་འཛིན་གྱིས་མཚོན་པའི་ཉོན་མོངས་པ་ཐམས་ཅད་ནུས་མེད་དུ་གྱུར་སོང་དྲན།
观想:一切众生的所有罪恶与苦楚同自己鼻孔吸气,现黑光之相而入,遂自相续我执之心为主的一切烦恼已无有作用力。
࿑ དེ་ལྟར་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་གྲོལ། བདེ་བ་རྒྱུ་དང་བཅས་པ་དང་འཕྲད་པ་ལ་སྙིང་རུས་པའི་གཏིང་ནས་དགའ་བས་རྗེས་སུ་ཡི་རང་ཡང་ཡང་བྱ།
如是,所有众生脱离痛苦及其因,遇到快乐及其因,而由内心深处以欢喜心再再随喜。
࿑ དེ་ལྟར་དགྲ་གཉེན་བར་མ་རང་གཞན་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་སྟོང་པ་ཉིད་ཡིན་སྙམ་ནས་དེའི་ངང་དུ་ཅི་གནས་སུ་མཉམ་པར་འཇོག །
如此亲、怨、中庸、自、他、情、器一切显现无有微尘许的实有物而觉为空性,于此境界中善加安住。
࿑ སྐབས་སྐབས་ལ་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབས་ཏེ་བླ་མའི་ལུས་དང་རང་གི་ལུས་དབྱེར་མེད་དུ་གྱུར། བླ་མའི་སེམས་དང་རང་གི་སེམས་དབྱེར་མེད་དུ། བླ་མའི་གསུང་དང་རང་གི་ངག་དབྱེར་མེད་དུ་གྱུར་སོང་སྙམ། དུས་རྟག་ཏུ་བླ་མ་མ་བརྗེད་པར་གསོལ་བ་རྩེ་གཅིག་ཏུ་བཏབ་རྗེས་ལ་བསྔོ་བ་དང་སྨོན་ལམ་ཅི་ཤེས་བྱ་དགོས།
དེ་ལྟར་ཐ་ན་ཉིན་རེ་ལ་ཚར་ཉེར་གཅིག་ཙམ་ལས་མི་ཉུང་བར་བསྒོམ་ནུས་ན་སེམས་ཅན་ལ་སྙིང་རྗེ། བླ་མ་ལ་དད་པ། སེམས་ལ་བདེ་སྐྱིད་སོགས་མྱུར་དུ་འབྱུང་བ་ནི་ཐེ་ཚོམ་མི་དགོས་པ་ཞིག་ཡིན་པས་བརྩོན་འགྲུས་དྲག་པོ་གྱིས། འདི་ནས་སྨོན་ལམ་བཟང་པོ་ཅི་ཤེས་བྱེད་འོང་།
如此每天若能观修不少于21遍,那么,对众生的慈悲心,对上师的信心,于自心的幸福,将速速生起且无疑,故望请发起勇猛精进修持!在此我将尽量发起善愿!