རིག་འཛིན་འཇིགས་མེད་གླིང་ལ་རྗེས་དྲན་ཞུ། 今天纪念晋美林巴尊者吉日

乐活   2024-11-04 12:23   青海  


ང་སེང་གེ་དཀར་མོའི་ཕྲུ་གུ་ཡིན།

我是白狮的孩子,

ལྦ་མོས་གངས་སྟོད་འགྲིམ་པ་མེད།

狐狸不能在雪中漫步。


འཇིགས་མེད་གླིང་པ། 晋美林巴

དེ་རིང་ནི་ལྷ་བབས་ལྷ་བའི་ཚེས་གསུམ་སྟེ་རིག་འཛིན་འཇིགས་མེད་གླིང་པ་མཆོག་གདུལ་བྱའི་བཀོད་པ་ཞི་བར་གཟིམས་ནས་ལོར་འཁོར་མོ་ཉིས་བརྒྱ་ཉེར་དྲུག་ཟིན་པའི་འདས་མཆོད་ཡིན་པས། དགེ་སྒྲུབ་སྡིག་སྤོང་ལ་འབད་པ་གལ་ཆེའོ།།


今天是藏历天降月初三(11月4日)晋美林巴尊者(持明无畏州)圆寂两百二十六周年的纪念日,大家要断恶行善极为重要!

རིག་འཛིན་འཇིགས་གླིང་གི་རྣམ་ཐར་བསྡུས་པ། 晋美林巴尊者略传


གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་ཉིད་དུ་གྱུར་པའི་ཀུན་མཁྱེན་འཇིགས་མེད་གླིང་པ་ནི་པཎ་ཆེན་བི་མ་ལ་དང་ཆོས་རྒྱལ་སྲི་སྲོང་རྒྱལ་སྲས་ལྷ་རྗེ་རྣམས་ཟུང་དུ་འཇུག་པའི་རྣམ་འཕྲུལ་ཡིན། རབ་བྱུང་བཅུ་གཉིས་པའི་ས་བྱ་ལོར་ལྷོ་ཁ་འཕྱོངས་རྒྱས་དཔལ་རི་དགོན་གྱི་ཉེ་འདབས་སུ་མཚན་དཔེ་བཞད། 


全知持明无畏州 藏名:晋美林巴尊者(1729—1798)。旧派密乘心要派一大师名。是藏王赤松德赞和布玛目扎的双入化身。


ཁོང་གི་མཛད་ཆོས་ལ་ཡོན་ཏན་མཛོད་རྩ་འགྲེལ་དང་། རྙིང་མ་རྒྱུད་འབུམ་གྱི་རྟོགས་བརྗོད། དགོངས་འདུས་རྣམ་བཤད། ཀློང་ཆེན་སྙིང་ཐིག་གི་གཏེར་ཆོས་སོགས་གསུང་ཆོས་པོ་ཏི་དགུ་ཡོད། 


生于前藏穷结地方,著有《功德藏本经》、《宁玛派续集释源》、《密意集注疏》、《法界心要优藏》等,共约九函


དགུང་ལོ་བདུན་ཅུར་སོན་པ་རབ་བྱུང་བཅུ་གསུམ་པའི་ས་རྟ་དབྱུག་པའམ་ལྷ་བབས་ཟླ་བའི་ཚེས་གསུམ་ལ་རང་གནས་ཚེ་རིང་ལྗོངས་ཀྱི་ཡང་དབེན་རྣམ་གྲོལ་ཡང་རྩེར་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་རྟགས་དང་ཆོ་འཕྲུལ་མངོན་པར་འདུ་མཛད་དེ་གཤེགས་སོ།།


土马年(1798)九月初三,在为弟子们传授了白度母修法后,蔚蓝无云的天空中,持续飘下雨丝, 空气中弥漫着浓郁的芬芳。此时,尊者以圣者坐姿安坐,色身显现融入本初自性中。

ཀུན་མཁྱེན་འཇིགས་མེད་གླིང་པས། རྟོགས་པ་དོན་གྱི་བརྒྱུད་པ་དང་ལྡན་པའི་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ཞིག་དང་མཇལ། དེ་ལ་རྩེ་གཅིག་གི་དད་འདུན་དྲག་པོས་ཡིད་ཁྱེད་ཤེས་ཀྱི་བློ་ཁེལ་གསོལ་བ་འདེབས་ཤེས་ན་རྐྱེན་མོས་གུས་ཀྱིས་བྱས་ཏེ་བླ་མའི་རྟོགས་པ་སློབ་མ་ལ་འཕོས་ནས་རང་བཞིན་བརྗོད་བྲལ་རྫོགས་པ་ཆེན་པོའི་གནས་ལུགས་རྟོགས་པར་གསུངས།


全知智悲光尊者:遇到几位具有法相和传承证悟的上师后,若能对其以一心一意,身心交付的心来祈祷,以此信心,恭敬的因缘,上师的证悟会融入弟子相续,令其证悟无言自性大圆满的实相。



བློ་བླ་མར་གཏོད་པ་སྐྱབས་འགྲོ་ཡི་མཐར་ཐུག།

念师乃为究竟之皈依,

དོན་གཞན་དོན་ལྷུར་ལེན་སེམས་བསྐྱེད་ཀྱི་ངོ་བོ།།

利他乃为发心之本体,

དྲན་ཤེས་བཞིན་སྐྱོང་བ་མདོ་སྔགས་ཀྱི་ལམ་ཁྱེར།།

正念乃为显密之修法,

ལས་ཤེས་ཤེས་མང་པོའི་ཕེར་ཡོད་དུ་ཞོག་མཛོད།།

其余众多形象皆放弃。


རིག་འཛིན་འཇིགས་མེད་གླིང་པ། 持明晋美朗巴


尊者亲自制作的加持自像身

在尊者古寺的加持相

尊者的灵塔

尊者讲经传法圣地

尊者的帽子


尊者的古寺长寿院

尊者植的树

阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章