ཀཿདམ་པ་དང་རྒྱལ་བ་ཀཿཐོག་པའི་སྐོར་གྱི་ཟབ་གླེང་། | སྒྲ་

乐活   2024-11-05 11:34   青海  




ཀཿདམ་པ་བདེ་གཤེགས་དང་རྒྱལ་བ་ཀཿཐོག་པ།
གདན་ཞུའི་སྐུ་མགྲོན། མཁན་པོ་འཇུ་བསྟན་སྐྱོང་།
གཙོ་སྐྱོང་པ། རྫ་ཚེ་རིང་བཀྲ་ཤིས།
གླེང་སྟེགས། རོང་ཟོམ་བརྙན་འཕྲིན།





བགྲོ་གླེང་གི་དྲི་བ།


དྲི་བ་དང་པོ།

ཐོག་མར་ཁྱེད་ཀྱིས་ཉེ་ཆར་བརྒྱུད་གསུམ་ཀླུ་དབང་རོལ་པའི་རྒྱ་མཚོ་ཞེས་པའི་ཀཿདམ་པ་བདེ་བར་གཤེགས་པའི་རྣམ་ཐར་ཞིག་བརྩམས་ནང་འདུག །དེ་བརྩམས་པའི་དགོས་པ་དང་། དེའི་ནང་དོན་སྔར་དགེ་སློང་སྡིང་པོ་པས་མཛད་པ་སོགས་དང་མ་འདྲ་བའི་ཆ་གང་ཡོད།

དྲི་བ་གཉིས་པ།

ཁྱེད་ཀྱིས་ཀཿདམ་པ་བདེ་གཤེགས་ཁོང་གངས་ལྗོངས་གདམས་པའི་མཛོད་དུ་གྱུར་པ་ཞིག་རེད་ཅེས་གསུངས་འདུག །དེ་ལྟར་གསུང་དོན་གང་ཡིན།

དྲི་བ་གསུམ་པ།

ཀ་དམ་པར་གསུང་རྩོམ་གང་འདྲ་བཞུགས། ལྟ་མཇལ་དུ་ཡོད་པའི་གསུང་རྩོམ་གཙོ་བོ་གང་དང་གང་ཡོད།

དྲི་བ་བཞི་པ།

ཀཿཐོག་པ་འདི་སྔ་འགྱུར་ལ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་དང་། ཁྱད་པར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་འདིའི་ཕུགས་ཀཿཐོག་ཡིན་པའི་རྒྱུ་མཚན་གང་ཡིན།

དྲི་བ་ལྔ་བ།

ཀཿཐོག་པས་བཅུ་གསུམ་མང་པོ་ཞིག་བགྲངས་འདུག་ལ། དེའི་ནང་ནས་ཁྲིད་ཆེན་བཅུ་གསུམ་ཟེར་བ་ཞིག་འདུག །དེ་ཉིད་དམ་གཙང་བྱམས་གསུམ་གྱི་དུས་ནས་ཡོད་པ་ཞིག་རེད་དམ།

དྲི་བ་དྲུག་པ། 

དམ་གཙང་བྱམས་གསུམ་ལ་གུ་རུ་རིན་པོ་ཆེའི་གསུང་བཀའ་མ་རྩོད་མེད་དེ་འདྲའི་སྐོར་གྱི་བརྒྱུད་པ་བཞུགས་སམ།

དྲི་བ་བདུན་པ།

ཀཿདམ་པ་བདེ་གཤེགས་དང་ཨ་རོ་ཡེ་ཤེས་འབྱུང་གནས་དང་རོང་ཟོམ་ཆེན་མོ་སོགས་དང་འབྲེལ་བ་བྱུང་ཡོད་དམ།

དྲི་བ་དགུ་བ།

ཀཿདམ་པ་ནི་བོད་ཀྱི་གྲྭ་སྐོར་གནང་མཁན་ཐོག་མ་དང་། བཤད་གྲྭ་སྒྲུབ་གྲ་གཉིས་ཆར་འཛུགས་མཁན་ཐོག་མ་སོགས་ཡིན་པའི་སྐོར་ཞིག་བཤད་འདུག །ཁྱེད་ཀྱིས་དགོངས་ན་དེང་སང་གི་བཤད་སྟངས་ལྟར་བྱས་ན་ཁོང་གིས་ལོ་རྒྱུས་ཀྱི་སྔར་མེད་ཟིན་ཐོ་གསར་གཏོད་ཀྱི་མཛད་པ་གང་འདྲ་བསྐྱངས་འདུག 

དྲི་བ་བཅུ་པ།

ཀཿདམ་པས་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྡུས་ནས་གསེར་བྲིས་སུ་བཞེངས་པ་དང་། ལུང་རྒྱུན་གསན་པ་སོགས་ཀྱི་སྐོར་ཞིག་ཁྱེད་ཀྱིས་བྲིས་འདུག །དེ་གང་འདྲ་རེད།

དྲི་བ་བཅུ་གཅིག་པ།

ཀཿཐོག་པ་འདི་འཇའ་ལུས་པ་འབུམ་གྱི་གདན་ས་ཡིན་པ་སོགས་ཀྱི་བཤད་སྲོལ་ཞིག་འདུག །དེའི་སྐོར་ནས་ཀཿཐོག་གི་འཇའ་ལུས་པ་ཐོག་མ་སུ་ཡིན་དང་། ད་ལྟའི་བར་དུ་བྱུང་བ་དག་གི་ནང་ནས་ཡོངས་གྲགས་མཚན་སྨྲོས་ཐུབ་པ་ཡི་གེར་འཁོད་པ་གང་འདྲ་ཡོད།

དྲི་བ་བཅུ་གཉིས་པ།

སྔ་འགྱུར་པ་ཞིག་ཡིན་པའི་ངོས་ནས་ཀ་ཐོག་དང་ཀཿདམ་པ་བདེ་གཤེགས་ཀྱི་མཛད་པ་དེ་གལ་ཆེན་པོ་ཞིག་ཡིན་པའི་རྒྱུ་མཚན་གང་ཡིན།

དྲི་བ་བཅུ་གསུམ།

ཀཿཐོག་པའི་ཆོས་བརྒྱུད་ཅིག་ཡིན་པའི་ངོས་ནས་ད་ལྟའི་ཆར་ཀཿདམ་པ་བདེ་གཤེགས་ཡབ་སྲས་ཀྱི་མཛད་པ་འཕྲིན་ལས་དང་འབྲེལ་བའི་དགོས་ནས་ངེས་པར་དུ་ཐུགས་ཉམས་འཇོག་དགོས་པ་གང་ཡོད་རེད་དགོངས་ཀྱི་འདུག  




阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章