ཧོ་མོའུ་པའོ་ཡིས་རུ་ཁག་གི་སྣེ་ཁྲིད་དེ་ཀྲུའུ་ཧའེ་རུ་སོང་།

政务   2024-11-14 15:53   甘肃  

ཧོ་མོའུ་པའོ་ཡིས་རུ་ཁག་གི་སྣེ་ཁྲིད་དེ་ཀྲུའུ་ཧའེ་གྲོང་ཁྱེར་དུ་སོང་ནས་རྟོག་ཞིབ་སློབ་སྦྱོང་དང་ཚོང་འགུགངོ་འཕྲད་གྲོས་མོལ་བྱས།

      ཟླ11པའི་ཚེས12ནས་ཚེས13ཉིན་བར་དུ། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་རུ་ཁག་གི་སྣེ་ཁྲིད་དེ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་དུ་སོང་ནས་རྟོག་ཞིབ་སློབ་སྦྱོང་དང་ཚོང་འགུག་ངོ་འཕྲད་གྲོས་མོལ་བྱས།

         ཧོ་མོའུ་པའོ་སྔ་རྗེས་སུ་ཀྲུའུ་ཧའེ་གྲོང་ཁྱེར་གྱི་བར་སྣང་ཡོངས་རིག་ནུས་ཅན་གྱི་མ་ལག་ཞབས་ཞུ་སྟེགས་བུའི་དམའ་དབྱིངས་ཞབས་ཞུ་གཉེར་སྐྱོང་བཀོད་འདོམས་ལྟེ་གནས་དང་ཀྲུའུ་ཧའེ་ཀོང་ཧེང་ཚན་རྩལ་ཚད་ཡོད་ཀུང་སིར་བསྐྱོད་དེ་དམའ་དབྱིངས་ཐོན་ལས་འཕེལ་རྒྱས་དང་མ་འོངས་པར་བཀོལ་སྤྱོད་བྱེད་སྟངས། སྐུལ་འོད་རླུང་འཇལ་ལེ་ཏ་སྒྲིག་ཆས། གནམ་གྲུ་ཐང་གི་གནམ་གཤིས་འགན་སྲུང་མ་ལག དམའ་དབྱིངས་ཐད་དཔྱང་འཚོལ་ཞིབ་ལག་རྩལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ཁེ་ལས་ཀྱིས་ས་གནས་ཀྱི་ཁྱད་ཆོས་དང་ཐོན་ལས་ཀྱི་རྨང་གཞི། ཚོང་རའི་མདུན་ལམ་སོགས་དང་ཟུང་འབྲེལ་བྱས་ཏེ༼དམའ་དབྱིངས+རིག་གནས་ཡུལ་སྐོར། ཞིང་ཕྱུགས། འཕྲལ་བསྟུན། དངོས་ཟོག་སྐྱེལ་འདྲེན། སྤྱི་ཚོགས་བཅོས་སྐྱོང་༽སོགས་ཀྱི་ཉེར་སྤྱོད་རྣམ་པ་ཇུས་འགོད་དང་འཚོལ་ཞིབ་བྱས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་མཉམ་འབྲེལ་གྱི་ལམ་བུ་མཉམ་སྒྲུབ། མ་འོངས་པའི་ཕུགས་བསམ་མཉམ་གཏོད་བྱ་དགོས་པའི་རེ་བ་ཡོད་ཞེས་ནན་གྱིས་བསྟན།

       ཤང་ཀྲོའུ་ཀྲེང་ལིང་མ་རྐང་ཚད་ཡོད་ཀུང་སི་རུ་ཧོ་མོའུ་པའོ་ཡིས་དམའ་དབྱིངས་དཔལ་འབྱོར་ཤར་ནུབ་མཉམ་ལས་ཀྱི་མཉམ་འབྲེལ་སྒྲིག་གཞིའི་ལས་གཞིའི་ཐད་ངོ་འཕྲད་གྲོས་མོལ་བྱས། ཧོ་མོའུ་པའོ་ཡིས་ཁེ་ལས་ཀྱིས་མཐོ་སྒང་གི་དགེ་མཚན་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱད་བཟང་པོ་བྱས་ཏེ་ཀན་ལྷོའི་དམའ་དབྱིངས་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ལ་ཆེད་ལས་ཀྱི་ལག་རྩལ་མཛུབ་ཁྲིད་དང་སྔར་ལས་ལྷག་པའི་མ་རྩའི་གསོན་ཤུགས་མཁོ་སྤྲོད་བྱས་ནས་མཉམ་ཕན་མཉམ་རྒྱལ་ཡོང་རྒྱུའི་རེ་བ་ཡོད་ཅེས་ནན་གྱིས་བསྟན།

           ཧྲེན་ཀྲེན་མཉམ་འབྲེལ་གནམ་གྲུ་ཚན་རྩལ་ཚད་ཡོད་ཀུང་སི་རུ་ཧོ་མོའུ་པའོ་ཡིས་ཁེ་ལས་ཀྱིས་ཀན་ལྷོ་ཁུལ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ཏེ་དམའ་དབྱིངས་དཔལ་འབྱོར་དེ་ཀན་ལྷོའི་ས་ཆ་རུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པ་དང་། ང་ཚོས་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས་ཁེ་ལས་ཀྱིས་ཀན་ལྷོ་རུ་བློ་བདེ་བའི་ངང་མ་དངུལ་འཇོག་པ་དང་ཚོང་གཉེར། འཕེལ་རྒྱས་བཅས་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན།

      ཧོ་མོའུ་པའོ་ད་དུང་ཞན་ཧུའུ་ཚོད་ལྟ་ཁང་དང་ཀོང་ཏུང་ཆིང་ནུས་རྒྱུ་གསར་པའི་ལག་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་སུ་སོང་ནས་རྟོག་ཞིབ་དང་སློབ་སྦྱོང་བྱས།

  བར་སྐབས་སུ་ཁུལ་དཔོན་གཞོན་པ་བཀྲ་ཤིས་ཚེ་རིང་གིས་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཧྲེན་ཀྲེན་མཉམ་འབྲེལ་འཕུར་སྐྱོད་ཚན་རྩལ་ཚད་ཡོད་ཀུང་སི་དང༼དམའ་དབྱིངས་ཟོག་སྐྱེལ་མཁའ་ལམ་ཐིག་མཉམ་གཅིག་ཏུ་གསར་སྤེལ་བྱེད་པའི་འཐབ་ཇུས་སྒྲོམ་གཞིའི་གྲོས་མཐུན༽ལ་མིང་རྟགས་བཀོད།།


ལོ་ཙཱ་བ། འབུམ་མཚོ་རྒྱལ།

རྩོམ་སྒྲིག་པ། གཡང་མོ་སྐྱིད།

རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།

ཞུ་དག་པ།  རྡོ་རྗེ་ཚེ་རིང་།

ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章