【ཡིག་རིས།】ཧོ་མོའུ་པའོ་ཡིས་ལས་ཁུངས་འདི་གཉིས་ལ་བརྟག་ཞིབ་བྱས།

政务   2024-11-01 12:30   甘肃  



ཧོ་མོའུ་པའོ་ཡིས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་དང་ཁུལ་ཨུའི་སྐོར་ཞིབ་གཞུང་ལས་ཁང་དུ་བརྟག་ཞིབ་བྱས



  ཟླ10ཚེས་30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་དང་ཁུལ་ཨུའི་སྐོར་ཞིབ་གཞུང་ལས་ཁང་དུ་བརྟག་ཞིབ་གནང་།

  ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་ལས་ཁུངས་སུ་ཧོ་མོའུ་པའོ་ཡིས་རྒྱུན་ལྡན་གྱི་ལྟ་སྐུལ་ཞིབ་བཤེར་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་སྒྲིག་བཅོས། ༼འཛིན་གསུམ་སྐུལ་གསུམ༽གྱི་བྱ་སྤྱོད་ལ་རྒྱུན་རྣམ་ཅན་གྱི་སྐུལ་སྤེལ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་བྱས།

  ཧོ་མོའུ་པའོ་ཡིས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ཏན་ཏིག་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དངོས་ཡོད་གནད་དོན་ཁག་གཅིག་ཐག་གཅོད་ནུས་ལྡན་བྱས་ཏེ་གཅིག་སྡུད་སྒྲིག་བཅོས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་འགྱུར་ལྡོག་གསར་པ་དང་དངོས་ཕན་ཐོབ་པར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཕྱིར་ལྡོག་གནད་དོན་སྒྲིག་བཅོས་ནན་ཏན་བྱས་ཏེ་ཁྱོན་ཡོངས་ནས་སྒྲིག་བཅོས་དང་། སྒྲིག་བཅོས་གཏིང་ཟབ།སྒྲིག་བཅོས་མཐར་ཕྱིན།སྒྲིག་བཅོས་དམིགས་སར་འབྱོར་བར་འགན་ལེན་བྱེད་པ། ཁྱོན་ཡོངས་ནས་ཏང་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཚད་གཞི་མཐོ་ཞིང་བླང་བྱ་ནན་མོར་བརྟེན་ནས་ལྷག་བསམ་རྣམ་དག་གིས་འགན་འཁྲི་འཁུར་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་དཔུང་ཞིག་སྐྱེད་བསྲིངས་བྱས་ཏེ་དུས་རབས་གསར་པའི༼ཁྱད་ཆོས་ལྔ་ལྡན་གྱི་ཀན་ལྷོ༽ཁྱོན་ཡོངས་ནས་བཏོད་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་འཛུགས་པའི་དཔེ་མཚོན་ཁུལ་མགྱོགས་མྱུར་ངང་བསྐྲུན་པར་གཡས་སྐྱོར་གཡོན་འདེགས་བྱ་དགོས་ཞེས་ནན་གྱིས་བསྟན།


  ཁུལ་ཨུའི་སྐོར་ཞིབ་གཞུང་ལས་ཁང་དུ། ཧོ་མོའུ་པའོ་ཡིས་སྐོར་ཞིབ་བྱ་བ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་སྐོར་ཞིབ་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱབ་ཁོངས་གཙོ་བོ་དང་མང་ཚོགས་ཀྱི་དཀའ་ཁག་གནད་དོན་ལ་དམིགས་ནས་སྐོར་ཞིབ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། སྐོར་ཞིབ་ཀྱི་གཏིང་ཚད་སྔོག་འདོན་བྱེད་པ། སྐོར་ཞིབ་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། སྐོར་ཞིབ་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། བྱ་བའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།

  ཀྲང་ཀྲེང་ནེང་དང་ཝང་གོ་ཅུན་གཉིས་སྐོར་ཞིབ་ཏུ་ཞུགས།


ལོ་ཙཱ་བདེ་སྐྱིད་འཚོ།

རྩོམ་སྒྲིག་པ། དྭངས་གསལ་ལྷ་མོ།

རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།

ཞུ་དག་པ།  རྡོ་རྗེ་ཚེ་རིང་།

ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章