སྐར་མ་རྀ་ཥི་ཤར་བའི་དུས་ཚེས་གསལ་བརྡ་གལ་ཆེན། གོ་སྐབས་མ་ཤོར་བ་གྱིས།

文化   音乐   2024-09-08 09:41   西藏  

སངས་རྒྱས་སྨན་བླའི་གཟུངས་ཐུང་།
ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷྱཻ་ཥ་ཛྱེ། མ་ཧཱ་བྷྱཻ་ཥ་ཛྱེ། རཱ་ཛཱ་ས་མུདྒ་ཏེ་སྭཱ་ཧཱ།

སངས་རྒྱས་སྨན་བླའི་མཚན་སྔགས་ནི།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པའི་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆི་འོ།།


སྤྱི་ཟླ་9/9དང་། བོད་ཟླ་བདུན་པའི་ཚེས་དྲུག་ནས། ཉིན་བདུན་གྱི་རིང་ལ་སྐར་མ་རྀ་ཥི་འཆར་རྒྱུ་རེད་འདུག་ལ། སྐར་རྩིས་ཀྱི་གཞུང་དག་ལས། སྐབས་འདིར་ཆུ་བོ་ཐམས་ཅད་ཡན་ལག་བརྒྱད་ལྡན་དུ་འགྱུར་བར་གསུངས་ཡོད་པས། ཀུན་ཀྱིས་ལུས་ཁྲུས་བྱེད་པ་དང་སྨན་རྩ་ཐུ་བ་སོགས་དང་། དགོས་སུ་སངས་རྒྱས་སྨན་བླའི་བསྙེན་སྒྲུབ་སོགས་ལ་འབད་པ་ཤིན་ཏུ་གལ་ཆེའོ།།

སྐར་མ་རི་ཥིའི་ཕན་ཡོན་ནི།
མདོ་སྡེ་མྱང་འདས་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོ་དེས། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དེ་ལ། །སྨོན་ལམ་མཐུ་ཡིས་འདི་སྐད་ཅེས་སྨྲས་པ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས། །སེམས་ཅན་ན་བ་གཡོག་རྣམས་མེད་པ་དང་། །ནད་རྣམས་དུ་མས་རེག་པའི་སེམས་ཅན་ལ། །དེ་དག་དོན་དུ་བདུད་རྩིའི་ཆར་སྐོང་ཞིག །ཐམས་ཅད་ནད་ལས་ཡོངས་སུ་ཐར་ཕྱིར་དུ། །སྨན་དང་བདུད་རྩིའི་ཆར་བ་ཕོབ་ཅིག་གོ །ཞེས་སོགས་གསུངས་པས། འདི་ནི་སེམས་ཅན་རྣམས་ཀྱི་ལུས་ངག་གི་ནད་ཀྱི་སྒྲིབ་པའམ། སྡུག་བསྔལ་དག་སྦྱང་པའི་ཕྱིར་སངས་རྒྱས་སྨན་བླའི་ཐུགས་བསྐྱེད་ཁྱད་པར་ཅན་ལས་འཁྲུངས་པས། སྐབས་འདིར་ཁྲུས་ལ་ཞུགས་པ་སོགས་བྱས་ན་ནད་ཀྱི་སྡུག་བསྔལ་དག་ཅིང་། དགེ་བ་འཕེལ་བ་སོགས་ཕན་ནུས་ཧ་ཅང་ཆེ་བ་ཡིན་ནོ། །

དགེ་བ་འདི་ཡིས་མྱུར་དུ་བདག །སྨན་པའི་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章