གལ་ཆེ་བའི་གུ་རུའི་བརྐོས་ཕོར་དགེ་སྐུལ། མཁན་ཆེན་རིག་དར་མཆོག་གིས།

文化   2024-08-10 17:37   青海  

གུ་རུའི་བརྐོས་ཕོར་འཇིགས་པ་ཀུན་སྐྱོབ་མ་དགེ་སྐུལ་གྱི་གསལ་བརྡ།

དེ་ཡང་དུས་ངན་སྙིགས་མའི་ཡང་མཐའ་འདིར། ས་ཡི་གོ་ལའི་ཁྱོན་འདིར་ནད་མུག་མཚོན་འཁྲུག་གི་འཇིགས་པ་སྣ་ཚོགས་ཤིག་བདོ་བ་རྣམས་དབྱིངས་སུ་བཟློག་པའི་ཕྱིར་དུ།  བོད་ཀྱི་བླ་མའི་སྐལ་བ་གུ་རུ་རིན་པོ་ཆེའི་སྐུ་འདྲ་བཞེངས་བྱེད་ཀྱི་བརྐོས་ཕོར་ཞིག་དམིགས་ཀྱིས་དགེ་སྐུལ་བྱེད་ཀྱིན་ཡོད། དེ་ཡང་གུ་རུ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། ང་དང་མ་འཕྲད་མ་འོངས་སེམས་ཅན་རྣམས༔ མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེད༔ པད་འབྱུང་རྒྱལ་ཚབ་མཆོད་པའི་རྟེན་བཞེངས་པ༔ འདི་ཕྱི་དོན་ལྡན་བསྟན་པའི་རྒྱལ་མཚན་འཛུགས༔ དེ་ལ་འདུན་ཅིང་མོས་གུས་སུས་བྱེད་པ༔ འདོད་པ་ཀུན་ཚོགས་རིན་ཆེན་ཕུང་པོ་འདྲ༔ འཕེལ་འགྲིབ་མེད་པ་འགྱུར་མེད་བདེ་བའི་ཞིང༔  ཞེས་གསུངས་པའི་བསླུ་མེད་རྡོ་རྗེའི་བཀའ་ལུང་རྒྱབ་རྟེན་དུ་བཀོད་དེ། ད་རེབ་ངེད་ཅག་གིས་བསྟན་འགྲོ་སྤྱིའི་རིམ་གྲོ་ལ་དམིགས་ནས། གུ་རུའི་སྐུ་བརྙན་དུང་ཕྱུར་གཅིག་དཔར་རྒྱུའི་དགེ་སྐུལ་བྱེད་འཆར་ཡིན། དཔར་བྱེད་བརྐོས་ཕོར་ནི་གུ་རུའི་བརྐོས་ཕོར་འཇིགས་པ་ཀུན་སྐྱོབས་མ་བྱ་བ་ཡིན་ཞིང་། བཟོ་རྩལ་དང་རྒྱུ་ཆ་ཆེས་བཟང་ཤོས་དང་། བླ་རུང་སྒར་གྱི་དགེ་འདུན་པ་ཡོངས་ཀྱིས་རབ་གནས་ཀྱང་ཕོག་ཡོད་པས། བྱིན་ལྡན་གྱི་དད་རྟེན་དང་ཁྱིམ་རྟེན་དམིགས་བསལ་བ་ཞིག་ཏུ་བརྩི་ཆོག་ངེས་ཡིན། མ་ཟད་གཡུ་ཁོག་བྱ་བྲལ་བའི་ཞལ་ནས། དགེ་སྡིག་གང་ལ་ཡང་བསམ་པ་མཉམ་པར་ཞུགས་པ་ཐམས་ཅད་བྱེད་པ་པོ་གཅིག་བཞིན་དུ་འདྲ་བར་ཐོབ་པ་དམག་ལ་སོགས་པ་ལྟ་བུ་ཡིན་ཏེ། མཛོད་ལས།  དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་སོ།།ཞེས་གསུངས་པ་བཞིན་གུ་རུའི་སྐུ་བརྙན་དུང་ཕྱུར་གཅིག་བཞེངས་པའི་དགེ་རྩ་ཐོབ་ངེས་ཡིན་པས། ཀུན་གྱིས་ཐུགས་འཇགས་གནང་འཚལ། དགེ་སྐུལ་བྱེད་ཚུལ། བརྐོས་ཕོར་གཅིག་གི་ངོས་ལ་གུ་རུའི་སྐུ་བརྙན་བཅུ་གཅིག་རེ་ཡོད་པ་གཅིག་ཏུ་བརྩིས་པའི་ཚར་ཁྲི་གཅིག་དཔར་ན་བརྐོས་ཕོར་རེ་འབུལ་རྒྱུ་ཡིན། དུས་ཡུན་རབ་ན་འདི་ལོར་དང་། ཕྱི་ནའང་ལོ་ཕྱི་མའི་བོད་ཟླ་དྲུག་པ་ཚུན་ཆད་འགྲུབ་དགོས། 
ཞེས་བོད་ཤིང་འབྲུག་ལོའི་བོད་ཟླ་དྲུག་པ་ཕྱི་མའི་ཚེས་བཞི་ལ་རིག་དར་དང་། དམ་ཆོས་འོད་ཟེར་གཉིས་ནས་བྲིས།

འབྲེལ་གཏུག་བྱ་ཡུལ།

སྨར་བདེན་དོན། 177 3896 6626 སྐལ་སྐྱབས། 133 3079 8099 དམ་ཆོས་འོད་ཟེར། 183 8367 7710 གཅོད་ཐར། 136 1975 3222

ས་ཐག་རིང་པོར་གནས་པ་རྣམས་ལ་སྦྲག་སྲིད་བརྒྱུད་ནས་བསྐུར་ཆོག

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章