ཧོ་མོའུ་པའོ་ཡིས་ཝུའུ་ཤིན་ཅན་དང་ཐུག་འཕྲད་གནང་།

政务   2024-11-07 18:04   甘肃  

ཧོ་མོའུ་པའོ་ཡིས་ཀན་སུའུ་ཁྲོན་ཡུས་ཚོང་ཚོགས་ཀྱི་ཝུའུ་ཤིན་ཅན་དང་ཐུག་འཕྲད་གནང་།


      ཟླ11པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་གཙོས་སུ་ཀན་སུའུ་ཞིང་ཆེན་ཁྲོན་ཡུས་ཚོང་ཚོགས་ཀྱི་ཚོགས་གཙོ་རུ་བསྐོ་རྩིས་ཡོད་པའི་ཝུའུ་ཞིན་ཅན་དང་བཅས་པར་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་ཀས་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པའི་ཐད་ནས་བཞུགས་མོལ་སྤེལ་རེས་བྱས།

     ཧོ་མོའུ་པའོ་ཡིས་ཚོང་ཚོགས་ཀྱིས་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕུལ་བྱུང་གི་ཁེ་ལས་མཁས་ཅན་དེ་བས་མང་བོའི་སྣེ་ཁྲིད་དེ་ཀན་ལྷོར་ཡོང་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། ཞིང་ལས་ཚུལ་སྒྱུར་རིམ་སྤོར། གཏེར་ཁའི་ཐོན་ཁུངས་གསར་སྤེལ། སློབ་གསོ་དང་སྨན་བཅོས་ལེགས་གཏོང་མཁོ་སྤྲོད་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ། གཉིས་ཕན་མཉམ་རྒྱལ་ཡོང་རྒྱུའི་རེ་བ་ཡིན་པ་དང་། ང་ཚོས་བློ་ཞིབ་མོས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་དེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱས་ཏེ་ནུས་པ་གང་ཡོད་ཀྱིས་ཁེ་ལས་ལ་ཀན་ལྷོར་མ་འཇོག་ལས་དར་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

     ཝུའུ་ཤིན་ཅན་གྱིས། ཀན་སུའུ་ཁྲོན་ཡུས་ཚོང་ཚོགས་ཀྱིས་ཇུས་འགོད་ཧུར་ཐག་དང་། རང་འགུལ་ངང་འབྲེལ་མཐུད། ཚོང་ཚོགས་ཀྱི་ཐོན་ཁུངས་མཉམ་སྡེབ།  ལེགས་སྒྲིག་འབྲེལ་མཐུད་ནན་ཏན།  སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཁེ་ལས་སྤུས་ལེགས་དང་མ་འཇོག་ལས་གཞི་ཀན་ལྷོར་གཞིས་ཆགས་པར་འགུག་ཐབས་བྱས་ནས་ཁེ་ལས་དང་ས་གནས་འཕེལ་རྒྱས་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱ་རྒྱུའི་བསམ་ཚུལ་བསྟན།

      དབྱང་ཏུང་ཕིང་དང་ཝང་ཧྥང་བཞུགས་མོལ་ཚོགས་འདུར་ཞུགས།


ལོ་ཙཱ་བ། བདེ་སྐྱིད་མཚོ། 

རྩོམ་སྒྲིག་པ། གཡང་མོ་སྐྱིད།

རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།

ཞུ་དག་པ།  རྡོ་རྗེ་ཚེ་རིང་།

ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章