ཧོ་མོའུ་པའོ་ཡིས་ཅོ་ནེ་དང་བ་ཙེ་རུ་བྱ་བར་བརྟག་ཞིབ་བྱས།

政务   2024-11-06 16:59   甘肃  

ཧོ་མོའུ་པའོ་ཡིས་ཅོ་ནེ་དང་བ་ཙེ་རུ་བྱ་བར་བརྟག་ཞིབ་བྱས།

 ཟླ11པའི་ཚེས4ནས5ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་ཅོ་ནེ་རྫོང་དང་བ་ཙེ་རྫོང་དུ་གཞི་རིམ་གྱི་ཏང་འཛུགས་དང་ཁོར་སྲུང་ལྟ་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་སོགས་ཀྱི་བྱ་བར་བརྟག་ཞིབ་དང་མཛུབ་སྟོན་བྱེད་སྐབས། གནད་དོན་ལ་ཤེས་རྟོགས་དང་གནད་དོན་ཐག་གཅོད་ཁྲོད་བྱ་བར་སྐུལ་འདེད་གཏོང་བ་དང་། སེམས་པ་མང་ཚོགས་ལ་ཕྱོགས་ཤིང་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་ཁྲོད་ཐོག་མའི་སེམས་འདུན་ལག་ཏུ་བསྟར་དགོས་ཞེས་ནན་གྱིས་བསྟན།

ཧོ་མོའུ་པའོ་སྔ་གཞུག་ཏུ་ཅོ་ནེ་རྫོང་ལྕང་ཚལ་གྲོང་རྡལ་མཁར་ནུབ་སྡེ་ཁུལ་དང་བ་ཙེ་རྫོང་མཁར་ཞོལ་གྲོང་རྡལ་སྐོར་ལམ་ཤར་མ་སྡེ་ཁུལ། ཆུ་བོ་ཞང་སྲིང་གཞུང་དང་གཡུ་འབྲུག་མདོ་སྡེ་བ་རུ་སོང་ནས་ཏང་འཛུགས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བདག་སྐྱོང་གི་སྣེ་ཁྲིད་པ་དང་ཀྲི་པུའུ་མཉམ་འཛུགས་ཀྱི་འགུལ་སྐྱོད་ཡོངས་སུ་ཁེབས་པ། གཞི་རིམ་གྱི་ཁུར་བོ་དངོས་སུ་ཇེ་ཡང་དུ་གཏོང་བ་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་བྱས། ཁོས་འགལ་བ་དང་རྩོད་གཞི་སྣ་ཚོགས་གང་ཐུབ་ཀྱིས་རྩད་ཞིབ་ཐག་གཅོད་བྱས་ནས་གཞི་རིམ་གྱི་མང་ཚོགས་ཀྱི་བྱ་བ་ཙག་ཙིག་དང་འཐུས་སྒོ་ཚང་བའི་ཞབས་ཞུའི་ཁྲོད་ཏང་དང་སྲིད་གཞུང་གི་དྲོད་ཁོལ་ཚོར་དུ་འཇུག་པ་དང་། ནུས་ཤུགས་ཡོད་རྒུས་མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་གྱི་སྤྱོད་པ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བྱས་ནས་མང་ཚོགས་ལ་འགྱུར་ལྡོག་ཚོར་དུ་འཇུག་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་མུ་མཐུད་དུ་རྩ་བཅོས་ཀྱི་ཕྱོགས་སུ་བསྐུལ་ཏེ། གཞི་རིམ་གྱི་ལས་བྱེད་པར་དུས་ཚོད་དང་སྟོབས་ཤུགས་སྔར་བས་མང་པོ་དམངས་ལ་དོན་དངོས་བསྒྲུབ་པ་དང་གནད་དོན་དངོས་ཐག་གཅོད་ཁྲོད་བཀོལ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

བ་ཙེ་རྫོང་སློབ་འབྲིང་གཉིས་པ་དང་མི་དམངས་སྨན་ཁང་དང་པོ། ཅའོ་ཁྲང་སྡེ་བའི་ཟངས་ཆོས་བཟོ་གྲྭ ཀན་ལྷོའི་ཧའེ་ལིན་བདེ་འཇགས་ཁོར་སྲུང་ཚད་ཡོད་ཀུང་སི་སོགས་སུ། ཧོ་མོའུ་པའོ་ཡིས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། སློབ་རའི་ཟས་རིགས་བདེ་འཇགས་ཀྱི་དོ་དམ་ལ་ཤུགས་སྣོན་པ། བདེ་འཇགས་ཀྱི་སློབ་ར་འཛུགས་སྐྲུན་ལ་བསྐུལ་ཏེ། ནུས་ལྡན་ངང་ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་འགོག་པ་དང་། ངལ་རྩོལ་ནུས་ཤུགས་མཉམ་རུབ་ཀྱི་ཡང་བའི་བཟོ་ལས་ཀྱི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ་ཉེ་འཁོར་ནས་མང་ཚོགས་སྔར་བས་མང་པོའི་ཡོང་སྤར་ཕྱུག་སྒྱུར་ལ་སྐུལ་ཁྲིད་བྱེད་པ་དང་། ཏང་ཡོན་དང་ཕྱུག་སྒྱུར་འཇོན་མིའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་འཕེལ་རྒྱས་བཏང་སྟེ། ཐོན་ལས་ཀྱི་ཕན་འབྲས་མཐོར་འདེགས་ཁྲོད་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་རྒྱ་ཆེར་གཏང་དགོས་ཞེས་ནན་གྱིས་བསྟན།

ཅོ་ནེ་རྫོང་ཨ་ཚེ་ཐང་གྲོང་རྡལ་སྲིབ་རྩ་མདོའི་ཕྱེ་རྡོའི་གཏེར་རི་དང་མ་རུ་གྲོང་རྡལ་གྱི་སྦགས་ཆུ་ཐག་གཅོད་བཟོ་གྲྭ། བ་ཙེ་རྫོང་ལུའུ་ཧྲུན་གྲོང་རྡལ་གྱི་བྱེ་རྡོའི་གཏེར་རི། ཀན་ལྷོ་ཁུལ་གྱི་གད་སྙིགས་བསྲེགས་ནས་གློག་འདོན་གྱི་ལས་གཞི་འཛུགས་སྐྲུན་གྱི་ཡུལ་དངོས་སོགས་སུ། ཧོ་མོའུ་པའོ་ཡིས་སྐྱེ་ཁམས་ཁོར་སྲུང་ཕྱིར་ལྡོག་གི་གནད་དོན་དག་ཐེར་དང་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་སོགས་ཀྱི་བྱ་བར་ལྟ་ཞིབ་བྱས། ཁོས་གཏེར་རིའི་ཕྱོགས་བསྡུས་བདག་སྐྱོང་སྐྱེ་ཁམས་སླར་གསོར་བསྐུལ་བ་དང་། རྩིག་བཟོའི་གད་སྙིགས་དོ་དམ་གྱི་གནད་དོན་ཐག་གཅོད་ལ་ཞིབ་འཇུག་བྱས་ཏེ། དག་ཐེར་ལེགས་བཅོས་ཀྱི་ཕན་འབྲས་དངོས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་ཇེ་ལེགས་གཏོང་བ་དང་། གད་སྙིགས་བསྡུ་བ་དང་སྐྱེལ་འདྲེན་སོགས་ཀྱི་བྱ་བ་བཟང་པོར་བསྒྲུབ་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གད་སྙིགས་ཀྱི་གནད་དོན་ཐག་གིས་བཅད་དེ། ཁོར་ཡུག་གསར་བརྗེའི་རྗེས་མཐུད་བྱ་བ་བཟང་པོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

བརྟག་ཞིབ་སྐབས་སུ། ཧོ་མོའུ་པའོ་ཡིས་ད་དུང་ལམ་རྒྱུད་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་འགོག་སོགས་ཀྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས།།




ལོ་ཙཱ་བ། སྐལ་བཟང་ཚེ་རིང་།                                                                                                            

རྩོམ་སྒྲིག་པ། གཡང་མོ་སྐྱིད།

རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།

ཞུ་དག་པ།  རྡོ་རྗེ་ཚེ་རིང་།

ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།


甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章