གསང་སྔགས་གཞུང་ནས་བཤད་པའི་ཕྱོགས་བཅུ་པོའི་ངོ་སྤྲོད།མཇོལ།

乐活   2024-09-28 20:57   青海  





ཕྱོགས་སྐྱོང་བཅུ།



       སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་གཞུང་ནས་བཤད་པའི་ཕྱོགས་བཅུ་པོ་སྲུང་ཞིང་སྐྱོང་བའི་ལྷ་ཀླུ་གནོད་སྦྱིན་སོགས་བཅུ་སྟེ།

༡ ཤར་ཕྱོགས་སྐྱོང་བ་བརྒྱ་བྱིན། 
དབང་པོ་རྡོ་རྗེ་འཆང་བའི་ལྷ།།
ལྷ་ཡི་རྒྱལ་པོ་གདོན་གྱི་བདག །
ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ།།
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
༢ ལྷོ་ཕྱོགས་སྐྱོང་བ་གཤིན་རྗེ། 
གཤིན་རྗེ་བེ་ཅོན་འཆང་བའི་ལྷ།།
མ་མོའི་རྒྱལ་པོ་གདོན་གྱི་བདག །
ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ།།
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
༣ ནུབ་ཕྱོགས་སྐྱོང་བ་ཆུ་ལྷ།
ཞགས་པ་ཐོགས་པ་ཆུ་ཡི་་ལྷ།།
ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །
ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ།།
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
 ༤ བྱང་ཕྱོགས་སྐྱོང་བ་གནོད་སྦྱིན། 
གནོད་སྦྱིན་ལག་ན་དབྱུག་ཏོ་འཛིན།།
ནོར་སྐྱོང་རྒྱལ་པོ་གདོན་གྱི་བདག །
བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ།།
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
༥ ཤར་ལྷོའི་ཕྱོགས་སྐྱོང་མེ་ལྷ། 
མེ་སྟེ་སྲེག་བྱ་ཟ་བའི་ལྷ།།
དྲང་སྲོང་རྒྱལ་པོ་གདོན་གྱི་བདག །
ཤར་ལྷོ་གདོན་གྱི་ཚོགས་བཅས་ལ།།
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
༦ ལྷོ་ནུབ་ཕྱོགས་སྐྱོང་སྲིན་པོ།  
བདེན་དང་བྲལ་བ་ལེགས་ལྡན་ལྷ།།
སྲིན་པོའི་རྒྱལ་པོ་གདོན་གྱི་བདག །
ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ།།
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
༧ ནུབ་བྱང་ཕྱོགས་སྐྱོང་རླུང་ལྷ།
རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ།།
རིག་འཛིན་རྒྱལ་པོ་གདོན་གྱི་བདག །
ནུབ་བྱང་གདོན་གྱི་ཚོགས་བཅས་ལ།།
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
 ༨ བྱང་ཤར་ཕྱོགས་སྐྱོང་དབང་ལྡན།
དབང་དང་ལྡན་པ་འདྲེན་པའི་ལྷ།།
འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །
བྱང་ཤར་གདོན་གྱི་ཚོགས་བཅས་ལ།།
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
 ༩ སྟེང་དུ་ཚངས་པ། 
སྟེང་གི་ཚངས་པ་ཆེན་པོ་དང་།།
ཉི་མ་ཟླ་བ་གཟའ་ཆེན་པོ།།
གཟའ་དང་རྒྱུ་སྐར་ཚོགས་བཅས་ལ།།
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
༡༠ འོག་ཏུ་སའི་ལྷ་མོ་བཅས་ཡིན་ཅིང་། 
འོག་གི་ཀླུ་སྟེ་ས་ཡི་བདག།
ས་འཛིན་ལག་པ་ཆེན་པོ་དང་།།
དམ་ཚིག་ཤེས་པའི་ཚོགས་བཅས་ལ།།
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན།  བཞོན་པ་བཅས་ཞིབ་པར་
གསང་སྔགས་བླ་མེད་ཀྱི་གཞུང་མང་པོར་གསལ།







阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章