དིང་རིའི་ས་ཡོམ་སྐོར་ལ་ཚུལ་མིན་གྱི་གཏམ་བརྗོད་སྤེལ་བས།

文摘   2025-01-17 17:32   西藏  


        ཉེ་ཆར། བྱམས་སེམས་ཅན་གྱི་མི་སྣས་གཞིས་རྩེའི་དིང་རིའི་ཡོམ་འགོག་གེགས་སེལ་ལ་རོགས་སྐྱོར་གྱི་དངུལ་དངོས་ཞལ་འདེབས་བརྒྱབ་པར། ལྷ་སའི་དྲ་དམངས་ཤིག་གིས་དྲ་རྒྱའི་སྟེགས་བུར་དམའ་འབེབས་གཏོང་བའི་ཚུལ་མིན་གྱི་གཏམ་བརྗོད་སྤེལ་བས་ཤུགས་རྐྱེན་ངན་པ་བཟོས་ཡོད། དེར་བརྟེན་ལྷ་སའི་དྲ་རྒྱའི་ཉེན་རྟོག་པས་དྲ་འཕྲིན་སྡེ་ཚན་དང་མཉམ་དུ་དྲ་དམངས་དེ་སྐོང་འདྲི་བྱས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་དྲ་དམངས་དེར་སྲིད་འཛིན་ཆད་པ་བཅད་པ་མ་ཟད། དེའི་དྲ་རྒྱའི་སྟེགས་བུའི་ཨང་རྟགས་སྤྱོད་རྒྱུ་མེད་པ་བཟོས་པ་རེད།

    ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། དྲ་རྒྱ་ནི་ཁྲིམས་འོག་ཏུ་མི་འདུས་པའི་ས་ཆ་ཞིག་མིན་པས། དྲ་སྦྲེལ་ཐོག་ཚུལ་མིན་གྱི་གཏམ་བརྗོད་སྤེལ་བ་དང་། བསམ་ངན་བཅངས་ནས་དོན་དངོས་འཁྱོག་བཤད་བྱེད་པ། སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་ལས་འགལ་བ། དྲ་ཐོག་གི་སྤྱི་པའི་སྒྲིག་ལམ་རྐང་བཙུགས་ནས་གཏོར་བཤིག་གཏོང་བ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་རེད།

编辑:拉姆

责编:巴桑旺堆

编审:旦增晋美

来源:西藏日报藏文媒体


噶尔县融媒体中心
传递权威信息、提供及时资讯、展现多彩噶尔!(互联网新闻信息服务许可证编号:54120230074)
 最新文章