སློབ་གསོའི་ཐད་ཀྱི་ཡིག་ཆ་གལ་ཆེན་ཞིག་པར་འགྲེམ་བྱས་འདུག

文摘   2025-01-20 13:16   西藏  

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོ་སྟོབས་ཆེན་རྒྱལ་ཁབ་འཛུགས་པའི་འཆར་འགོད་རྩ་གནད་༼ ༢༠༢༤ལོ་ནས་༢༠༣༥ལོ ༽ཅེས་པ་པར་འགྲེམ་བྱས་པ།

新华社权威快报|中共中央、国务院印发《教育强国建设规划纲要(2024—2035年)》

ཉེ་དུས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོ་སྟོབས་ཆེན་རྒྱལ་ཁབ་འཛུགས་པའི་འཆར་འགོད་རྩ་གནད་༼ ༢༠༢༤ལོ་ནས་༢༠༣༥ལོ ༽ཅེས་པ་པར་འགྲེམ་བྱས་ནས། ༢༠༣༥ལོར་སླེབས་སྐབས་སློབ་གསོ་སྟོབས་ཆེན་རྒྱལ་ཁབ་འཛུགས་རྒྱུ་དང་། སློབ་གསོ་སྟོབས་ཆེན་རྒྱལ་ཁབ་འཛུགས་མགྱོགས་སུ་གཏང་རྒྱུའི་ཐད་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་རེད། རྩ་གནད་དེ་ནི་སློབ་གསོ་སྟོབས་ཆེན་རྒྱལ་ཁབ་བརྗོད་གཞིར་བྱས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུར་ཁྱོན་ཡོངས་ནས་ཞབས་འདེགས་ཞུ་རྒྱུ་ལས་འགན་གལ་ཆེན་དུ་རྩིས་པའི་རྒྱལ་ཁབ་ཀྱི་བྱ་སྤྱོད་འཆར་གཞི་ཐོག་མ་ཡིན་པ་དང་། སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཅན་གྱིས་འཕེལ་རྒྱས་གཏང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བའི་རྩེ་རིམ་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་རེད།

近日,中共中央、国务院印发了《教育强国建设规划纲要(2024—2035年)》,面向到2035年建成教育强国目标,对加快建设教育强国作出全面系统部署。纲要是首个以教育强国为主题、以全面服务中国式现代化建设为重要任务的国家行动计划,是全面推进教育科技人才一体统筹发展、提升国家创新体系整体效能的顶层制度安排。

རྩ་གནད་ནང་༢༠༢༧ལོ་དང་༢༠༣༥ལོའི་དམིགས་ཚད་གཙོ་བོ་ཁ་གསལ་བཏོན་ཡོད་ཅིང་། ཕྱོགས་༩ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཡོད་པ་སྟེ། མི་བཟང་གསོ་སྐྱོང་བྱེད་པའི་རྣམ་པ་གསར་པ་བཏོད་ནས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱ་རྒྱུ་དང་། རྨང་གཞིའི་སློབ་གསོ་སྟོབས་ཆེར་བཏང་སྟེ། རྒྱལ་དམངས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་སྲ་བརྟན་དུ་གཏང་རྒྱུ། མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་བཏང་ནས། འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་དྲག་ཏུ་གཏང་རྒྱུ། རྒྱལ་ཁབ་ཀྱི་འཐབ་ཇུ་ཚན་རྩལ་སྟོབས་ཤུགས་གསོ་སྐྱོང་དང་སྟོབས་ཆེར་བཏང་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ། དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་། ལག་ཤེས་མཁས་པ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་བྱ་རྒྱུ། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་བསྐྲུན་ཏེ། གྲངས་འཛིན་ཅན་གྱི་སློབ་གསོར་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་དང་། ལེགས་ཆ་གསར་པ་འཚོལ་ཞིབ་བྱ་རྒྱུ། བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་བཙུགས་ཏེ། སློབ་གསོ་སྟོབས་ཆེན་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་དུ་གཏང་རྒྱུ། སློབ་གསོའི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་བཏང་སྟེ། སློབ་གསོའི་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱ་རྒྱུ། སློབ་གསོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཐབས་ཇུས་འཐུས་ཚང་བཟོས་ནས། གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་སློབ་གསོའི་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་བཅས་རེད།

纲要明确了到2027年和2035年的主要目标,部署了9个方面重点任务:塑造立德树人新格局,培养担当民族复兴大任的时代新人;办强办优基础教育,夯实全面提升国民素质战略基点;增强高等教育综合实力,打造战略引领力量;培育壮大国家战略科技力量,有力支撑高水平科技自立自强;加快建设现代职业教育体系,培养大国工匠、能工巧匠、高技能人才;建设学习型社会,以教育数字化开辟发展新赛道、塑造发展新优势;建设高素质专业化教师队伍,筑牢教育强国根基;深化教育综合改革,激发教育发展活力;完善教育对外开放战略策略,建设具有全球影响力的重要教育中心。

欢迎关注“噶尔融媒视频号”


编辑:桑智旦增

责编:巴桑旺堆

编审:旦增晋美

来源:阳光西藏

噶尔县融媒体中心
传递权威信息、提供及时资讯、展现多彩噶尔!(互联网新闻信息服务许可证编号:54120230074)
 最新文章