【གྱེར་འདོན།】 ལོ་འཁོར་བཅུ་གཉིས་ཀྱི་བཤད་པ།

民生   2025-01-29 17:46   西藏  

欢迎提供新闻线索:lztvxwb@qq.com





ལོ་འཁོར་བཅུ་གཉིས་ཀྱི་བཤད་པ།

གྱེར་འདོན།  ངག་དབང་སྒྲོན་ལགས།

སྦྲུལ་གྱི་ལོ་འགོར་འཇིགས་པ་བྱུང་།
དུག་སྦྲུལ་ཁ་རླངས་ཇོ་རིར་འཕྱུར།
ས་གཞི་ཡོམ་ཞིང་ཁང་པ་འགྱེལ།
ཡུལ་ལུང་མང་པོ་ཟང་ཟིང་བཟོས།
རྟ་མཆོག་རྒྱུག་རྩལ་འགྲན་པ་ལྟར།
འགེག་སྐྱོབ་ལས་དོན་ཡོངས་སུ་ཚུགས།
ཕྱོགས་བཞིའི་བརྩེ་སེམས་དངོས་པོ་དག།
དེང་རི་ལྷ་རྩེའི་ཕྱོགས་སུ་བསྐྱོད།
ལུག་ཕྲུག་མ་མོའི་རྗེས་སུ་འབྲངས།
མང་ཚོགས་ཏང་གི་རྗེས་སུ་འབྲངས།
ཡང་དག་ཏང་གི་བཀོད་སྒྲིག་འོག།
འགེག་སེལ་ལས་དོན་གོ་རིམ་ལྡན།
སྤྲེལ་རྒན་བྱང་སེམས་གཅིག་མཚུངས་ཀྱི།
ཕྱོགས་བཞིའི་སེམས་བཟང་མི་སྣ་དག།
འགེག་སེལ་འཐབ་ས་དང་པོར་བྱོན།
བརྩེ་སེམས་བྱེད་སྒོས་དྲོ་སྐྱིད་སྦྱིན།
བྱ་སྐད་བཞིན་གྱི་ཉེན་རྟག་སྐད།
ཐོས་པ་ཙམ་གྱི་འཇིགས་སྣང་བྱུང་།
འགེག་སྐྱོབ་དཔའ་བོ་མཐོང་བའི་ཚེ།
སེམས་པ་ལྷོད་བཞིན་གདུང་སེམས་སྐྱེས།
ཁྱི་སྤྱང་ངན་འབྲེལ་དོར་གྱུར་ནས།
མི་ཆོས་འགལ་བའི་ལས་རྣམས་སྤོང་།
གང་ཞིག་འཆམ་མཐུན་བྱས་གྱུར་ནས།
བོད་མིའི་ཤེས་བཟང་མངོན་པར་བྱ།
ཕག་ལྟར་ཉལ་ནས་མ་བསྡད་པར།
ཞིང་འབྲོག་ལས་ལ་དམ་འཛིན་མཛོད།
སོ་སོས་འཇོན་པའི་ཕྱག་ལས་དག།
རང་སྟོབས་རང་འཕེལ་གནང་བར་གྱིས།
བྱི་བ་ཁུང་བུ་སྤོས་པ་བཞིན།
གནས་སྐབས་སྤོ་བསྒྱུར་མང་བ་ཡོང་།
སེམས་ཤུགས་གཅིག་དུ་སྦྲེལ་གྱུར་ན།
དཀའ་ངལ་རང་བཞིན་སེལ་བར་གྱུར།
གླང་རྒན་ས་གཞི་སློག་པ་ལྟར།
རྙིང་གཏོར་གསར་སྐྲུན་བྱེད་པའི་ཆེད།
སེམས་ཤུགས་རྡོག་རྩ་གཅིག་སྒྲིལ་གྱིས།
བདེ་འཇགས་ངང་ནས་ཕ་ཡུལ་སྐྲུན།
སྟག་རྒོད་བཞིན་གྱི་ཕོ་གཞོན་རྣམས།
ད་ལྟའི་དུས་སུ་འཇོན་ཐང་ངོམས།
ཕ་མ་བུ་ཕྲུག་བྱམས་གྱིས་བསྐྱོང་།
ཁྱིམ་འཛིན་བཟའ་མར་ཐུགས་འཁུར་མཛོད།
ཡོས་ལྟར་བློ་རིག་བཀྲ་བའི་ཁྱེད།
ཡིད་གཉིས་ཐེ་ཚོམ་མེད་པའི་ཐོག།
ང་དང་ལག་ཐང་སྦྲེལ་གྱུར་ནས།
འོད་ཟེར་ལམ་བུར་མདུན་བསྐྱོད་བྱ།
འབྲུག་རིས་བཀོད་པའི་ཀ་གདུང་བཞིན།
ཏང་ནི་དམངས་ཀྱི་ཀ་བ་དང་།
དམངས་ནི་ཀ་སྟེང་གདུང་མ་ཡིན།
དེ་གཉིས་ནམ་ཡང་བྲལ་ཐབས་མེད།
ཕག་སྦྲུལ་ཚང་གི་བདུན་ཟུར་གཅོད།
གུར་དང་སྒྲོམ་ཁང་ཏང་གི་གནང་།
གཅིག་གི་མ་འགྲིག་གཉིས་དགོས་པ།
འདོད་འཚིམ་གྱིས་ཤིག་སྤུན་ཟླ་ཚོ།
བྱ་ཡོས་ཟས་ཀྱི་བདུན་ཟུར་གཅོད།
ཁྱེད་ལ་གནང་བའི་བརྩེ་སེམས་ཟས།
བགོས་འགྲེམས་བྱ་དུས་དགྲ་རུ་ལངས།
ངོ་ཚ་གྱིས་ཤིག་སྤུན་ཟླ་ཚོ།
བྱི་རྟ་རྨིག་པའི་བདུན་ཟུར་གཅོད།
བྱུང་བ་བརྒྱ་དང་དགོས་པ་སྟོང་།
སྦྲུལ་གྱིས་གླང་ཆེན་མིད་པ་བཞིན།
ཧམ་སེམས་མ་གནང་སྤུན་ཟླ་ཚོ།
གླང་ལུག་ར་ཅོའི་བདུན་ཟུར་གཅོད།
ཁ་གསབ་དངུལ་དང་དངོས་པོ་སོགས།
ཆ་སྙོམས་བྱས་ན་ཁྲིམས་དང་འགལ།
རྭ་ཅོ་མ་བཙུགས་སྤུན་ཟླ་ཚོ།
སྟག་སྤྲེལ་རྩལ་གྱི་བདུན་ཟུར་གཅོད།
བསྐྱར་སྐྲུན་ནང་དུ་རྩལ་ལག་ངོམས།
ཡོད་ཚད་སྒུག་ནས་མ་བསྡད་པར།
རང་ནུས་བཏོན་ཤོག་སྤུན་ཟླ་ཚོ།
ཁྱི་འབྲུག་སྐད་ཀྱི་བདུན་ཟུར་གཅོད།
ཏང་གི་གསུང་ནི་དབྱར་རྔ་བཞིན།
ཅི་གསུང་དང་ལེན་གནང་བ་ལས།
སྐད་ཅོར་མ་རྒྱག་སྤུན་ཟླ་ཚོ།
བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ།
རྟ་ལུག་སྤྲེལ་དང་བྱ་ཁྱི་ཕག།
ལོ་འཁོར་བཅུ་གཉིས་ཡོངས་བསྐུལ་ནས།
རང་བྱུང་འགེག་བར་ལྡོག་པར་བྱ།


视频编辑:次旦玉珍、阿旺卓拉

朗      诵:阿旺卓拉

编      辑、(初审):尼玛普赤

复      审:顿珠、巴 洛

终      审:欧 珠






扫码关注微信、抖音







拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章