▶【抗震救灾•拉孜】སྡུག་བསྲན་ཆེ་བའི་གྲོང་གསེབ་ཆེད་ལས་པ། ཚེ་དབང་སྐྱིད་ལགས།

民生   2025-01-23 11:42   西藏  

欢迎提供新闻线索:lztvxwb@qq.com

ཚེ་དབང་སྐྱིད་ལགས་ནི། ལྷ་རྩེ་རྗོང་གཞིས་ཆེན་ཤང་རོང་དཔེ་གྲོང་ཚོའི་ཤང་གྲོང་དར་རྒྱས་ཀྱི་ཆེད་དོན་མི་སྣ་ཞིག་ཡིན་པ་དང་། སྤྱི་ལོ་2019ལོ་ནས་གྲོང་ཚོ་དེ་གར་ཕྱག་ལས་གནང་ཞིང་། འདས་ཟིན་པའི་ལོ་ཤས་ནང་། ཁོ་མོས་གྲོང་ཚོའི་མང་ཚོགས་རྣམས་རང་གི་ཤ་ཉེ་སྤུན་མཆེད་ལྟ་བུར་བརྩིས་ཀྱི་ཡོད་ལ། གྲོང་ཚོའི་ནང་གི་རྩྭ་རྩི་ཤིང་དང་སྒོ་ར་ཁོར་ཡུག་ཚུད་པའི་ཙག་ཙིག་གི་ལས་ཀ་སྤྱི་དང་བྱེ་བྲག་ཀུན་ལ་རྒྱུས་མངའ་ཆེ་ཞིང་། གྲོང་ཚོའི་མང་ཚོགས་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་ཁོངས་རྟོགས་ཁུལ་གྱི་གྲུ་ཟུར་ཚང་མར་རྒྱུས་ལོན་ཤིན་ཏུ་ཟབ་པས། དེ་དག་ནི་ཁོ་མོའི་སེམས་ནང་རྡོ་ལ་རི་མོ་བརྐོས་པ་བཞིན་སུབ་ཐབས་བྲལ།

ཚེས་7ཉིན་ས་ཡོམ་གྱི་འཇིགས་པ་གློ་བུར་རང་ཐོག་ཏུ་བབ་ཅིང་། རྐྱེན་ངན་གུད་ཆགས་གནམ་ནས་ཟག་པ་བཞིན་བྱུང་བས། ས་ཡོམ་ཁྲོད་ཁོ་མོ་རང་ཉིད་ལ་རྨས་སྐྱོན་ཕོག་ནས་འགྲོ་བསྐྱོད་དཀའ་བར་གྱུར་ནའང་། རང་ཉིད་ཏང་ཡོན་ཞིག་ཡིན་པའི་ངོས་ནས། སེམས་ཁོངས་རུས་པའི་གཏིང་ནས་ཆོད་སེམས་བརྟན་པོར་བཙུགས་ཏེ། ཉེན་ཁ་དང་ཛ་དྲག་གཅིག་འཆར་གྱི་འགག་རྩའི་དུས་མཚམས་འདིར། རང་ཉིད་ནམ་ཡང་ཕྱིར་ཤོལ་མི་བྱེད་པར་ལས་གནས་བརྟན་སྲུང་བྱས་ཡོད་པ་དང་། དེ་ནི་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་གི་གཡོལ་ཐབས་མེད་པའི་རང་འཁྲིར་བརྩིས་ནས། སྙིང་སྟོབས་ཆེར་བསྐྱེད་དང་། ན་ཟུག་སྡུག་བསྲན་གྱིས་གྲོང་ཚོའི་ལས་དོན་ཁག་ནང་ཧུར་ཐག་ཞུགས་ནས། རང་གི་ནུས་པ་ཡོད་རྒུ་ལེགས་སྐྱེས་སུ་འབུལ་བཞིན་ཡོད།

来 源:拉孜特别报道组

编 辑、(初审):巴 洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章