欢迎提供新闻线索:lztvxwb@qq.com
ལྷ་རྩེ་རྫོང་གིས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ཡི་ཆེད་དོན་ཚོགས་འདུ་འཚོགས་པ།
1月20日,县委书记席付平主持召开拉孜县抗震救灾指挥部会议,专题研究受灾群众安置点规范化建设各项工作。强调,要坚决贯彻落实习近平总书记重要讲话重要指示精神,贯彻落实党中央、国务院决策部署和区市党委政府工作要求,坚持以人民为中心的发展思想,强化统筹调度,加快建设进度,深化协作管理,高效高质量做好受灾群众过渡性安置服务保障工作。
ཟླ་1ཚེས་20ཉིན། རྫོང་ཨུད་ཧྲུའུ་ཅི་ཞི་ཕུའུ་ཕིང་གིས་ལྷ་རྩེ་རྫོང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་ཚོགས་འདུ་གཙོ་སྐྱོང་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་ཆེད་དོན་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་དང་། གཅིག་གྱུར་འཆར་འགོད་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། མཉམ་ལས་དོ་དམ་གཏིང་ཟབ་ཏུ་གཏོང་བ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་ཞབས་ཞུའི་འགན་སྲུང་ལས་དོན་ཕན་ནུས་ཆེ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པར་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
记者:索次
视频编辑:德央
编 辑、翻译(初审):尼玛普赤
复 审:顿珠、巴 洛
终 审:欧 珠
扫码关注微信、抖音