▶新春走基层‖拉孜县:震后家园焕生机 温暖力量助前行

民生   2025-01-24 16:54   西藏  

欢迎提供新闻线索:lztvxwb@qq.com

拉孜县

震后家园焕生机 温暖力量助前行

ལྷ་རྩེ་རྫོང་དུ། 

གེགས་རྗེས་བསྐྱར་བསྐྲུན་གསོན་ཤུགས་རྒྱས།

མདུན་བསྐྱོད་ལམ་དུ་དྲོ་སྐྱིད་ལྡན། 


拉孜窗口
内容简要
ནང་དོན་བསྡུས་གསལ།


1月23日,记者深入拉孜县芒普乡达龙村地震灾后安置点,亲眼见证受灾群众在党和政府以及社会各界的全力帮扶下,生活正稳步重回正轨,处处洋溢着温暖与希望。


ཟླ་1ཚེས་23ཉིན། གསར་འགོད་པས་མང་ཕུ་ཤང་རྟ་ལུང་གྲོང་ཚོའི་ས་ཡོམ་རྗེས་ཀྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་པ་དང་། དེ་གར་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་ཏང་དང་སྲིད་གཞུང་དང་། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་རོགས་རམ་འོག་འཚོ་བ་རིམ་བཞིན་སྔར་རྒྱུན་གྱི་རྣམ་པའི་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐྱོད་བཞིན་ཡོད་པ་དང་། ག་ས་ག་ནས་དྲོ་སྐྱིད་དང་རེ་བས་ཕྱུག་པའི་རྣམ་པ་ཞིག་མིག་མཐོང་ལག་ཟིན་བྱུང་།




据村党支部书记米久介绍,达龙村共有182户840余人。为妥善安置受灾群众,政府迅速搭建起16处集中安置点。目前,村民们已全部顺利入住板房,开启了新的生活篇章。


གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་མིག་འགྱུར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྟ་ལུང་གྲོང་ཚོར་དུད་ཁྱིམ་182དང་། མི་གྲངས་840ཙམ་ཡོད་ཅིང་། གནོད་འཚེ་ཕོག་པའི་མང་ཚོགས་རྣམས་ལ་གནས་སྐབས་ཀྱི་སྡོད་གནས་བཀོད་སྒྲིག་ཡག་པོ་བྱ་ཆེད། སྲིད་གཞུང་ནས་མགྱོགས་མྱུར་ངང་གཅིག་སྡུད་བཀོད་སྒྲིག་ཁུལ་16བསྐྲུན་པ་དང་། མིག་སྔར། གྲོང་ཚོའི་མང་ཚོགས་ཡོངས་གཅིག་ཀྱང་མ་ལུས་པ་བདེ་བླག་ངང་སྒྲོམ་ཁང་ནང་སྤོས་ཟིན་ནས། འཚོ་བ་གསར་པ་ཞིག་འགོ་ཚུགས་ཡོད།





在安置点,映入眼帘的是一排排整齐排列的白色板房,每一间板房上都飘扬着鲜艳的五星红旗,格外醒目。走进屋内,床垫、被褥、火炉、煤气等生活必需品一应俱全,水电网全面贯通,村民们的基本生活有了坚实保障,处处都充满了浓浓的生活气息。


བདེ་འཁོད་ཁུལ་དུ་བསྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་གྲལ་བསྟར་སྒྲིག་པའི་སྒྲོམ་ཁང་དག་ཡིན་ཞིང་། སྒྲོམ་ཁང་གི་ཐོག་ཁ་རེ་རེ་ནས་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་ལ། དེ་ནི་སྔར་བས་དམར་མདངས་བཀྲ་བར་སྣང་། སྒྲོམ་ཁང་ནང་འཛུལ་བས་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་བྱུང་བ་དང་། དེའི་ནང་ཉལ་ཁྲི་དང་། མལ་ཆས། ལྕགས་ཐབ། སོལ་རླངས་ཐབ་སོགས་འཚོ་བའི་ཡོ་བྱད་གང་དགོས་ཚང་བའི་ཁར། ཆུ་དང་། གློག དྲ་རྒྱ་སོགས་ཡོངས་སུ་འཁྲིད་ཟིན་ནས། མང་ཚོགས་རྣམས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཡག་པོ་ཐུབ་ཡོད་པ་དང་། གྲུ་ཟུར་ཡོངས་ནས་འཚོ་བའི་གཞི་མདངས་མངོན་བཞིན་འདུག




走进村民洛萨的板房,虽然空间不大,但被收拾得温馨整洁。墙上最显眼处挂着领袖像,表达着洛萨一家对领袖的深深敬意和感恩之情。此外,小孩正坐在桌前认真写作业,眼神中满是对未来生活的期待。


གྲོང་མི་བློ་གསལ་གྱི་སྒྲོམ་ཁང་ནང་འཛུལ་བས། མ་གཞི་སྒྲོམ་ཁང་གི་གཞི་རྒྱ་ཆེན་པོ་མིན་ཡང་སྒྲིག་བཀོད་ཁམས་གཙང་ཞིང་དྲོ་སྐྱིད་ལྡན་པ་ཞིག་འདུག་ལ། གྱང་ངོས་སུ་གཙོ་འཛིན་གྱི་སྐུ་པར་བཀལ་ནས་བློ་གསལ་ཁྱིམ་ཚང་གིས་གཙོ་འཛིན་ལ་གུས་བརྩེ་དང་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱེད་པ་དང་། ཕྲུ་གུ་ཆུང་ཆུང་གཉིས་སྒྲོག་ཙེའི་མདུན་དུ་སྦྱོང་གཞི་འབྲི་བཞིན་ཡོད་ཅིང་། གྲུང་ཤ་དོད་པའི་ངོ་གདོང་ལས་མ་འོངས་འཚོ་བར་བཅངས་པའི་རེ་སྒུག་མཚོན་པར་བྱེད།





芒普乡达龙村村民  洛萨
མང་ཕུ་ཤང་རྟ་ལུང་གྲོང་ཚོའི་མང་ཚོགས། བློ་གསལ་གྱིས།

这次地震房屋受损严重,幸好家人没事,政府已经解决了临时住处板房,我有信心在党的好政策下依靠自己的双手重建家园。 

曲下镇吉如村安置点

ཆུ་ཤར་གྲོང་རྡལ་སྐྱིད་རུ་གྲོང་ཚོའི་གནས་སྐབས་བདེ་འཁོད་ཁུལ།

曲下镇吉如村村民 吉拉

ཆུ་ཤར་གྲོང་རྡལ་སྐྱིད་རུ་གྲོང་ཚོའི་མང་ཚོགས། སྐྱིད་ལགས་ཀྱིས།

地震发生后,政府把群众的生命财产安全放在第一,第一时间转移到帐篷,在帐篷里住了7天,后来陆续入住板房,在这里像自己的家一样,水电网都通上,生活逐步恢复正常。


记 者:欧珠、顿珠

编辑:德央、次旦玉珍

编 辑、翻译(初审):巴 洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章