【抗震救灾•拉孜】སྐྱིད་རུ་གྲོང་ཚོའི་མང་ཚོགས་རྣམས་སྒྲོམ་ཁང་ནང་སྤོས་ཟིན།

民生   2025-01-20 21:07   西藏  

欢迎提供新闻线索:lztvxwb@qq.com

连日来,拉孜县曲下镇吉如村村民们陆续迁入过渡安置板房,这些临时住所不仅为受灾群众提供了温暖的避风港,更传递了党和政府的深切关怀。

ཉིན་ཤས་བསྟུད་མར། ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་སྐྱིད་རུ་གྲོང་ཚོའི་མང་ཚོགས་རྣམས་གཅིག་རྗེས་གཉིས་མཐུད་ངང་སྐབས་འཕྲལ་བདེ་འཁོད་ཀྱི་སྒྲོམ་ཁང་ནང་སྤོ་བཞིན་ཡོད་པ་དང་། སྐབས་འཕྲལ་སྒྲོམ་ཁང་དེ་དག་གིས་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་ལ་དྲོ་སྐྱིད་ལྡན་པའི་གནས་ཚང་ལྟ་བུ་ཞིག་འཁོ་འདོན་བྱས་པ་མ་ཟད། ཏང་དང་སྲིད་གཞུང་གི་མཛའ་བརྩེའི་ཐུགས་ཁུར་དང་གཅེས་སྐྱོང་བརྒྱུད་སྤྲོད་བྱས་ཡོད། 

吉如村在此次地震中房屋受损严重,无法继续居住。为妥善安置受灾群众,拉孜县政府迅速行动,在康达打麦场紧急搭建了170个过渡安置板房,作为吉如村群众的临时住所。

སྐྱིད་རུ་གྲོང་ཚོ་ནི་ད་རེས་ཀྱི་ས་ཡོམ་ཁྲོད་གནོད་འཚེ་ཕོག་ཤུགས་ཅུང་ཆེ་བའི་གྲོང་ཚོ་ཞིག་ཡིན་པས། སྡོད་ཁང་ནང་སྤྱིར་མུ་འཐུད་མི་སྡོད་ཐབས་བྲལ་ཡོད། མང་ཚོགས་རྣམས་ལ་ཁ་ཚ་དགོས་གཏུགས་ཀྱི་བདེ་འཁོད་བཀོད་སྒྲིག་བྱ་ཆེད། ལྷ་རྩེ་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་བྱ་སྤྱོད་སྤེལ་ཞིང་། གྲོང་ཚོ་དེ་གའི་ཁང་མདའ་གཡུལ་ཐང་ནང་སྐབས་འཕྲལ་བདེ་འཁོད་ཀྱི་སྒྲོམ་ཁང་170བརྒྱབ་ནས། སྐྱིད་རུ་གྲོང་ཚོའི་མང་ཚོགས་རྣམས་ལ་སྐབས་འཕྲལ་བདེ་འཁོད་ཐུབ་པ་བྱས་ཡོད།

1月19日,记者来到吉如村安置点,看到活动板房排列整齐,五星红旗在房顶迎风飘扬。安置点内,2台推土机正忙碌地铺设砂石路面,以减少风沙对群众生活的影响。村委会工作人员正在为板房喷编号,以便有序管理。村民们则忙着搬运床、棉被、柜子、冰箱等生活必需品。

ཟླ་1ཚེས་19ཉིན། གསར་འགོད་པ་སྐྱིད་རུ་གྲོང་ཚོའི་སྐབས་འཕྲལ་བདེ་འཁོད་ཁུལ་དུ་འབྱོར་སྐབས། སྒྲོམ་ཁང་དག་གྲལ་སྟར་སྒྲིག་ལ་ཁང་ཐོག་ཏུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དང་། ད་དུང་ས་འབྲུས་འཕྲུལ་འཁོར་གཉིས་ཀྱིས་བྲེལ་འཚུབ་ཆེན་པོས་ས་ངོས་སྙོམས་པ་དང་ཆབས་ཅིག་ཐལ་རྡུལ་གྱིས་མང་ཚོགས་ཀྱི་འཚོ་བར་འགོག་རྐྱེན་མ་བཟོ་བའི་ཆེད་རྡོ་བྱེ་རག་མ་བཏིང་བཞིན་འདུག གྲོང་ཚོ་ཨུ་ལྷན་གྱི་ལས་དོན་མི་སྣས་སྒྲོམ་ཁང་ཁག་ལ་ཨང་གྲངས་བཀོད་ནས་རྗེས་མཐུད་ཀྱི་དོ་དམ་ཡག་པོ་ཡོང་ཐབས་བྱས་པ་དང་། མང་ཚོགས་རྣམས་ནི་ཉལ་ཁྲི་དང་། མལ་ཆས། བང་ཁྲི། འཁྱགས་སྒམ་ལ་སོགས་པའི་རང་རང་གི་འཚོ་བའི་ཡོ་བྱད་དབོར་སྐྱེལ་བྱེད་བཞིན་བྲེལ་འཚུབ་ཀྱི་རྣམ་པས་ཡོངས་སུ་ཁེངས། 

占堆老人说:“我们在这里住得很好,板房里有水有电,生活十分方便。”

སྤོ་བོ་དགྲ་འདུལ་ལགས་ཀྱིས། ང་ཚོ་འདི་གར་སྡོད་བསོད་བདེ་པོ་འདུག སྒྲོམ་ཁང་ནང་ཆུ་ཡོད་པ་དང་། གློག་ཡོད་པ། འཚོ་བ་ཧ་ཅང་སྟབས་བདེ་པོ་འདུག་ཅེས་གསུངས། 


据吉如村党支部书记洛桑介绍,这些活动板房安全舒适,具备防震保暖功能,村民们对此非常满意。目前,安置点内已接通水、电、网络等基本生活设施,满足了群众的日常需求。截至19日,已有超过120户群众顺利迁入“新居”,20日将全面完成165户、624人的搬迁任务。

སྐྱིད་རུ་གྲོང་ཚོའི་ཏང་ཀྲེའུ་པུའུ་ཧྲུའུ་ཅི་བློ་བཟང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྒྲོམ་ཁང་དེ་དག་བདེ་འཇགས་ཡོད་ལ་སྐྱིད་སྣང་ལྡན་པ་དང་། ཡོམ་འགོག་དང་དྲོད་སྲུང་གི་ནུས་པ་ཡག་པོ་ཡོད་པས། མང་ཚོགས་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དང་།  མིག་སྔར། བདེ་འཁོད་ཁུལ་དུ་ཆུ་ཡོད་པ་དང་། གློག་ཡོད་པ། དྲ་བ་ཡོད་པ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བས། མང་ཚོགས་རྣམས་ཀྱི་འཚོ་བའི་དགོས་འཁོ་ཡོངས་སུ་བསྐོང་ཐུབ་ཀྱི་ཡོད་ཅིང་། ཚེས་19ཉིན་བར་དུ། མང་ཚོགས་ཁྱིམ་ཚང་120སྒྲོམ་ཁང་ནང་སྤོས་ཟིན་པ་དང་། ཚེས་20ཉིན་གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་165དང་མི་གྲངས་624ཡོངས་རྫོགས་སྤོ་ཐུབ་པ་བྱ་རྒྱུ་ཡིན་པ་རེད། 

来 源:云端珠峰

编 辑、翻译(初审):巴 洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音







拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章