࿐མཁན་རིན་པོ་ཆེའི་ཆོས་འབྲེལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་པ། །

民生   文化   2022-06-09 23:39   青海  


࿐རབ་གནས་ཆུ་སྟག་ལོའི་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་རང་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་གཙང་ལྗོངས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་རིན་པོ་ཆེ་ཞལ་སྔ་ནས། ༸ རྗེ་བཙུན་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་ལྷ་རྩེ་རྗོང་ཁོངས་མཛད་པ་ཐེག་ཆེན་འཕེལ་རྒྱས་གླིང་དགོན་དུ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒོ་ནས་རས་བྲིས་ཀྱི་དཀྱིལ་འཁོར་ལྷ་ལ་དབང་བསྐུར་བའི་ཐོག་ནས་རབ་གནས་རྒྱས་པ་ཉིན་འགའ་གནང་བ་དང་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་དང་པཎ་ཆེན་ག་ཡ་དྷ་ར་སོགས་ཀྱི་གངས་ལྗོངས་སུ་ཀྱཻ་རྡོར་རྒྱུད་གསུམ་དང་གསུང་ངག་ལམ་འབྲས་སོགས་ཐོག་མར་དར་བར་མཛད་པའི་གནས་མཆོག་མུ་གུ་ལུང་དང་། དེ་བཞིན་དར་རྒྱས་གླིང་དགོན། དགོན་པ་ཤར། ལྷ་རྩེ་ཆོས་སྡེ་དགོན་བཅས་ལ་གནས་གཟིགས་དང་འབྲེལ་སྐུ་གསུང་ཐུགས་རྟེན་རྣམས་ལ་རབ་གནས་མདོར་བསྡུས་དང་མཇུག་ཏུ་ཆོས་སྡེ་དགོན་པའི་འདུས་ཚོགས་ཡོངས་ལ་གཞུང་ཆེན་བཀའ་པོད་རྣམ་ལྔར་སློབ་གཉེར་དཔྱིས་ཕྱིན་པ་གནང་དགོས་པའི་བཀའ་སློབ་རིན་ཐང་བྲལ་བ་གནང་བ་བཅས་སོ། །

ཇི་སྐད་དུ་༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་གྱི་བུམ་བཟང་ལས། འགྲོ་སྤྱིར་སྨན་པའི་དགེ་མཚན་ཡོད་ན་ནི། །དགའ་སྤྲོས་བཞུགས་ཏེ་ལས་དོན་རླབས་ཆེན་དེའི། །གྲུབ་འབྲས་ནམ་ཐོབ་བར་ལ་དཀའ་ངལ་སོགས།།རྐྱེན་ངན་གང་བྱུང་ཕྱི་བཤོལ་མི་བྱེད་པར། །འབད་བརྩོན་དྲག་པོས་དཀའ་ཐུབ་དང་ལེན་གྱིས། །ཞེས་ཚིག་བཅད་ཀྱི་མདུན་བསུས་ནས་གུས་གནས་ཟླ་བ་རང་ཉིད་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གྱི་དབེན་པའི་བདག་ཉིད་ཞིག་ཡིན་ཡང་དཔལ་ལྡན་བླ་མ་དམ་པ་གང་ཉིད་ལ་དད་པས་ཉམ་ཆུང་མགོན་པོ་གང་གི་སློབ་བུའི་གྲལ་མཐའ་ནས་མ་འབུད་ཙམ་ཞིག་ཡིན་ཡང་། ཅི་སྐད་དུ་ ༧ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་གྱི་བུམ་བཟང་ལས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་དམན་ན་ས་དང་ལམ་ཡང་དམན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །ཞེས་གང་གསུངས་པ་ལྟར་གུས་པས་ཀྱང་གཞན་ཕན་གྱི་བསམ་པ་བཅོས་མ་མ་ཡིན་པས་རྒྱུད་བསྐུལ་ནས་ཆོས་མིན་ཕྱོགས་ཀྱི་ཆོས་ལ་རྒོལ་མཁན་དང་དེས་མ་ཟད་ཆོས་པའི་ཕྱོགས་ནས་ཆོས་ལ་རྒོལ་མཁན་ནས་གཙོས་པའི་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེས་པའི་ཆེད་དུ་སྤྱི་སྟེགས་འདི་ནས་༧མཁན་ཆེན་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་ཆོས་གང་ཐུབ་ཀྱི་འཕུལ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་འཚལ།


འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་གནང་དང་དྲྭ་ངོས་ནས་བསུབ་ངེས་ཡིན། །

版权为原著所有,若有侵犯到您的权益,请您与我们联系,我们将立即删除

གསལ་འདེབས།

འབྲེལ་གཏུག་གནང་ས།  གནས་ཟླ་བ།

སྐད་འཕྲིན།  ༡༩༣༧༦༠༩༩༦༥

ཡིག་ཟམ།  1937609965@qq.com

འོག་གི་“阅读原文”ཞེས་པ་མནན་ན་ནང་དོན་གོང་མ་རྣམས་ལ་གཟིགས་ཐུབ།

内达瓦
སྦྲང་བུ་ཤ་སྦྲང་བུང་བ་དང་། དེ་བཞིན་སྲིན་བུར་གང་གྱུར་པ། དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །
 最新文章