བལྟ་བྱའི་དཔེ་དེབ་གཅིག་ལ་ཡང་།། དུ་མ་ཉིད་ནས་སོ་སོར་གོ།

文摘   2024-07-11 21:23   青海  


   ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར༡༠༣ལོན་པ་དང། རྒྱལ་ཁབ་བཙུགས་ནས་ལོ་འཁོར༧༥ལོན་པར་རྟེན་འབྲེལ་ཞུ་བ།སློབ་རའི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ལ་དམིགས་ནས། སྤྱི་ཟླ་བདུན་པའི་ཚེས༡༠ཉིན་གྱི་ཉིན་གུང་གི་ཆ་ལ་སློབ་མའི་དཔེ་ཀློག་ཁང་ནས་སྤྲོ་ཀློག་དོ་རའི་ཐེངས་དྲུག་པའི་དཔེ་ཀློག་མྱོང་བཤད་བྱ་འགུལ་གཟབ་རྒྱས་ངང་འཚོགས།

    ཐེངས་འདིའི་བྱ་འགུལ་ལ་རང་སློབ་གྲྭའི་ཧྲུའུ་ཅུ་སྟོབས་ལྡན་དང་། སློབ་སྟོན་ཁང་གི་ཀྲུའུ་རིན་གཞོན་པ་དཔལ་ལྡན་བསོད་ནམས། སྐད་ཡིག་དགེ་རྒན་ཤ་བོ་མཆོད་རྟེན་དང་ལྷ་ལུང་དཔལ་རྡོར་བཅས་དགེ་སློབ་བརྒྱ་དང་ལྔ་བཅུ་ལྷག་ཞུགས།

  ཐོག་མར་སློབ་སྟོན་ཁང་གི་ཀྲུའུ་རིན་དཔལ་ལྡན་བསོད་ནམས་ཀྱིས་ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ། དགོས་པ། བྱ་འགུལ་གྱི་གོ་རིམ་སོགས་ངོ་སྤྲོད་བྱས་ཏེ་བྱ་འགུལ་གྱི་མགོ་བསླངས་བ་དང་བོད་རྒྱ་དབྱིན་གསུམ་གྱི་མདོ་འཛིན་པས་ཐེངས་འདིའི་དཔེ་ཀློག་མྱོང་བཤད་བྱ་འགུལ་གྱི་ནང་དོན་དང་འབྲེལ་ནས་དཔེ་ཀློག་མྱོང་བཤད་ལ་ཞུགས་པའི་སློབ་གྲོགས་རེ་རེ་བཞིན་ངོ་སྤྲོད་བྱས།

   ཐེངས་འདིའི་དཔེ་ཀློག་བྱ་འགུལ་ནི་སྔོན་དང་མི་འདྲ་བར་སློབ་གྲོགས་གསུམ་པོས་དཔེ་དེབ་གཅིག་སྟེ《考试脑科学》(རྒྱུགས་སྤྲོད་ཀླད་པའི་ཚན་རིག)ཞེས་པ་བཀླགས་རྗེས་ཟུར་སྣེ་མི་འདྲ་བ་ནས་རང་རང་གི་ངོས་ནས་དཔེ་ཀློག་གི་མྱོང་བ་ཇི་བཞིན་གླེང་བརྗོད་བྱས། མཐོ་གཉིས་དགུ་བའི་སློབ་གྲོགས་སྒྲོལ་མ་སྐྱིད་ཀྱིས་རྒྱ་སྐད་ཀྱི་ལམ་ནས་ནང་དོན་གནད་བསྡུས། བསྐྱར་སྦྱོང་གི་འཆར་གཞི་དང་ཐབས་ལམ་ངོ་སྤྲོད་བཅས་ཕྱོགས་གསུམ་ནས་བཤད།

དེ་ནས་མཐོ་གཉིས་འཛིན་གྲྭ་དང་པོའི་སློབ་གྲོགས་ལྕགས་མོ་བྱམས་ཀྱིས་བོད་སྐད་ཀྱི་ལམ་ནས་དཔེ་དེབ་ལས་མངོན་པའི་སློབ་སྦྱོང་གི་ཐབས་ལམ་གཙོར་བཟུང་སྟེ་དངོས་བཤེར་གསུམ་དང་སྦྱར་ནས་རང་ཉིད་ཀྱི་མྱོང་བ་གླེང་བརྗོད་བྱས།

  དེའི་འཕྲོར་མཐོ་གཅིག་འཛིན་གྲྭ་བདུན་པའི་སློབ་གྲོགས་དབྱངས་ཅན་ལྷ་མོས་རྒྱ་སྐད་ཀྱི་ལམ་ནས་དཔེ་དེབ་ཀྱི་ནང་དོན་གཙོ་བོ་དག་རང་གི་མྱོང་བ་དངོས་དང་འབྲེལ་ནས་རྒྱས་བཤད་བྱས་པར་དགེ་སློབ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

 《考试脑科学》(རྒྱུགས་སྤྲོད་ཀླད་པའི་ཚན་རིག)ཞེས་པའི་དེབ་ཏུ་ཀླད་པའི་གྲུབ་ཚུལ། ནུས་པ། དབང་རྩ་རིག་པའི་གཞི་རྩའི་རིགས་ལམ་དང་ཤེས་རྟོགས་ཀྱི་འཕེལ་རིམ་དང་འབྲེལ་ནས་སློབ་སྦྱོང་གི་ཐབས་ལམ། གྲ་སྒྲིག འཆར་གཞི་སོགས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་རྒྱུགས་འབྲས་མཐོར་འདེགས་སུ་གཏོང་བའི་ཇུས་ཐབས་སོགས་གཙོ་བོར་བཤད་ཡོད།

   

   དེ་ཡང་རྗེ་བསྟན་དར་ལྷ་རམས་པས། རྩོམ་པ་ལེགས་ཀྱང་སུག་བྲིས་མ་འབྱོར་ན།། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།། ཞེས་པ་ལྟར། བྲིས་ཀྱི་གལ་ཆེན་རང་བཞིན་དང་དགོས་པ་ཁྱད་པར་དུ་བསྟན་ཆེད། རང་སློབ་གྲྭའི་སྐད་ཡིག་དགེ་རྒན་བླ་མ་ཚེ་རིང་ལགས་ནས་བོད་ཀྱི་ཡིག་གཟུགས་སྦྱོང་བའི་དགོས་པ་ཞེས་པའི་བརྗོད་གཞིར་བཟུང་ནས་ཡིག་གཟུགས་ཀྱི་གོ་དོན། ཡིག་གཟུགས་སྦྱོང་བའི་དགོས་པ། བོད་ཀྱི་ཡིག་གཟུགས་སྦྱོང་ཐབས། ཡིག་གཟུགས་འབྲི་སྦྱོང་སྐབས་མཉམ་འཇོག་བྱ་དགོས་པའི་སྐོར། བྲིས་ཀྱི་ལེགས་ཉེས་བསྡུར་བ་བཅས་ཕྱོགས་ལྔ་ནས་བརྙན་རིས་དང་འབྲེལ་ནས་དགེ་སློབ་ཡོངས་ལ་འཆད་ཁྲིད་གྱ་ནོམ་པ་ཞིག་བྱས།

   


  བྱ་འགུལ་གྱི་མཇུག་ཏུ། སྐད་ཡིག་དགེ་རྒན་ཤ་བོ་མཆོད་རྟེན་གྱིས་ཐེངས་འདིའི་བྱ་འགུལ་ལ་ཞུགས་རྗེས་ཀྱི་མྱོང་ཚོར་དང་དཔེ་ཀློག་གི་གལ་ཆེན་རང་བཞིན་ཐད་ནས་གཏམ་བཤད་གནང་། དེ་ནས་སློབ་སྟོན་ཁང་གི་ཀྲུའུ་རིན་གཞོན་པ་དཔལ་ལྡན་བསོད་ནམས་ཀྱིས་དཔེ་ཀློག་གི་མོས་པ་བསྐྱེད་ཐབས་དང་འབྲེལ་ནས་ཁ་བརྡ་བྱས་དེ་ཐེངས་འདིའི་དཔེ་ཀློག་བྱ་འགུལ་ལ་སྤྱི་སྡོམ་བྱས།

  མཐར་རང་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་སྟོབས་ལྡན་ལགས་ནས་ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་དགེ་སློབ་དག་ལ་བྱ་དགའི་གཟེངས་རྟགས་བསྩལ་བ་དང་།དེར་འདུས་སློབ་བུ་དག་ལ་སྐུལ་མ་བཏང་ཞིང་ལས་གང་དེ་ལ་བརྩོན་པས་འཇུག་པར་དཔའ་གདེངས་སྤྲད་པ་སྟེ།  དཔེ་ཀློག་བཟང་བོ་ཐེངས་ཤིག་བྱེད་པ་ནི་རང་གི་ནང་སེམས་ལ་བྱབས་ཁྲུས་ཐེངས་ཤིག་བྱས་པ་ཡིན་ལ།  དཔེ་ཀློག་བཟང་བོ་ཐེངས་ཤིག་བྱས་པ་ཡིས་རང་གི་རྣམ་ཤེས་ལ་གཟི་འོད་ཐེངས་གཅིག་སྤྲོས་པ་ཡིན།ཞེས་ཀྱང་གདམས་པར་བྱས་སོ།།


海南州第三民族高级中学
海南州第三民族高级中学是在海南州委、州政府的直接领导下,为了满足海南州农牧民子女上高中的需求,于2014年新建的一所民族高中。
 最新文章