གུས་པར་འོས་པའི་ཁྱིམ་བདག་རྣམ་པ།
ཁྱེད་རྣམ་པ་བདེ་མོ། ཐོག་མར་ངེད་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་དགེ་བཟོ་བ་ཡོངས་ཀྱིས་སྐུ་ཉིད་དང་བཅས་པའི་ཁྱིམ་མི་ཡོངས་ལ་བཀྲ་ཤིས་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ཁྱེད་ཅག་གིས་མཐོ་འབྲིང་གསུམ་པའི་སློབ་གསོའི་ལས་དོན་མཐའ་དག་ལ་རྒྱབ་སྐྱོར་དང་ཐུགས་ཁུར།གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།དབྱར་གནང་གཏོང་ལ་ཉེ་བས།སློབ་གྲྭ་དང་ཁྱིམ་ཚང་གིས་མཉམ་སྒྲུབ་སྒོས་དབྱར་གནང་སྐབས་སློབ་མའི་སློབ་གསོ་ལ་ཤུགས་སྣོན་དང་སློབ་གྲོགས་ཚོས་དབྱར་གནང་གི་འཚོ་བ་དོན་ལྡན་ཞིག་རོལ་བར་འགན་ལེན་བྱ་ཆེད།ང་ཚོས་ལྷག་བསམ་ཟོལ་མེད་ངང་ཁྱེད་ཀྱིས་རང་ཉིད་ཀྱི་བྱིས་པར་ལྟ་སྐྱོང་གི་འགན་འཁྲི་དང་དུ་བླངས་ནས་བདེ་འཇགས་སློབ་གསོ་དང་ལྟ་སྐུལ་དོ་དམ་ཡག་པོ་བྱ་རྒྱུར་རེ་བ་ཞུ་བ་ཡིན།དུས་མཚུངས་སུ་འབྲེལ་ཡོད་ལས་དོན་འགའ་ཁྱེད་ཅག་ལ་ཞུ་དགོས་པས་དེ་དོན་ཐུགས་ལ་འཇགས་པར་འཚལ།
གཅིག 2024 ལོའི་དབྱར་གནང་གི་དུས་ཚོད་བཀོད་སྒྲིག
གོང་རིམ་འབྲེལ་ཡོད་སྡེ་ཁག་གི་ཡིག་ཆའི་དགོངས་དོན་དང་རང་རེའི་སློབ་གྲྭའི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་དབྱར་གནང་གི་དུས་ཚོད་གཏན་འཁེལ་བྱས་པ་གཤམ་གསལ་ལྟར།
1.མཐོ་གཅིག་སློབ་མ་གསར་བའི་མིང་ཐོ་འགོད་པའི་དུས་ཚོད་ནི 2024 ལོའི་ཟླ 9 བའི་ཚེས 1 ཉིན་ཡིན།
2.མཐོ་གཉིས་སློབ་མའི་དབྱར་གནང་གི་དུས་ཚོད་ནི 2024 ལོའི་ཟླ 7 ཚེས 18 ཉིན་ནས་ཟླ 8 ཚེས 31 ཉིན་བར་ཡིན།
3.མཐོ་གསུམ་སློབ་མའི་དབྱར་གནང་གི་དུས་ཚོད་ནི2024ལོའི་ཟླ7ཚེས18ཉིན་ནས་ཟླ8ཚེས20ཉིན་བར་ཡིན།
གཉིས། བདེ་འཇགས་སྐོར་གྱི་སློབ་གསོ་བཏང་ནས་བྱིས་པའི་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས།
1.རང་ཉིད་ནི་རང་ཉིད་ཀྱི་བདེ་ཐང་ལ་འགན་འཁུར་མཁན་ཨང་དང་པོ་བྱེད་དགོས།
བྱིས་པར་བདེ་ཐང་ཨང་དང་པོ་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་པར་སློབ་གསོ་དང་ཁྲིད་སྟོན་གནང་དགོས་ཏེ།མི་སྒེར་གྱི་འགོག་སྲུང་བྱ་བ་ཡག་པོ་བསྒྲུབ་པར་རྟག་ཏུ་ལག་པ་བཀྲུ་བ་དང་།ཐུན་མོང་གི་ཐུར་མ་མི་སྤྱོད་པ། ཁང་བའི་ནང་རླུང་རྒྱུ་རུ་འཇུག་པ་དང་དུག་སེལ་བྱེད་པ་སོགས་མཐའ་འཁྱོངས་བྱས་ནས།རང་ངོས་ཀྱི་བདེ་ཐང་ལ་མུ་མཐུད་དུ་ལྟ་ཞིབ་ཡག་པོ་བྱེད་པ་དང་སྐྱོན་བྲལ་དང་ཡ་རབས་ཀྱི་འཚོ་བའི་གོམས་གཤིས་ཤིག་ཆགས་པར་འབད་དེ་རང་ཉིད་དང་ཁྱིམ་མིའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས།གཞན་ཡང་བྱིས་པའི་བསམ་བློ་འཁོར་ཚུལ་ལ་དུས་ཐོག་ཏུ་དོ་ཁུར་བྱས་ནས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་འབད་དགོས།
2.ཆུ་ལ་བྱིང་བར་སྔོན་འགོག་གི་སློབ་གསོ་གཏོང་དགོས།
སློབ་མ་ཆུར་ནུབ་པའི་དོན་རྐྱེན་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས།སློབ་མས་རང་དགར་ཆུ་རྐྱལ་མི་བྱེད་པ་དང་།རང་དགར་སློབ་གྲོགས་དང་མཉམ་དུ་ཆུ་རྐྱལ་མི་བྱེད་པ།བདེ་འཇགས་ཀྱི་སྒྲིག་བཀོད་མེད་པ་དང་སྲོག་སྐྱོབ་མི་སྣ་མེད་པའི་ཆུ་ཁོངས་དང་རྒྱུས་མངའ་མེད་པའི་ཆུ་ཁོངས་སུ་ཆུ་རྐྱལ་བྱེད་པར་མི་འགྲོ་བ། ཉེན་ཁ་ཆེ་བའི་ཆུ་ཁོངས་སུ་རྩེད་མོ་རྩེ་བར་མི་འགྲོ་བ་བཅས་བྱ་དགོས།ཁྱིམ་བདག་གིས་བྱིས་པར་སྟབས་བདེའི་ཆུ་རྐྱལ་ཤེས་བྱ་དང་རང་སྐྱོབ་ཤེས་བྱའི་སྐོར་ཤེས་སུ་འཇུག་དགོས་པ་དང་།མི་ཞིག་ཆུར་ལྷུང་བ་ཤེས་དུས་གང་བྱུང་དུ་སྐྱོབ་པར་འགྲོ་མི་རུང་བར་མགྱོགས་མྱུར་ངང་མི་རྒན་པ་བོས་ནས་མྱུར་སྐྱོབ་བྱེད་དུ་འཇུག་དགོས།
3.འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་ཤུགས་ཆེ་རུ་གཏོང་དགོས།
ཕྱིར་སྐྱོད་སྐབས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་དང་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་།ཁྱིམ་བདག་རང་ས་ནས་བྱིས་པར་འགྲིམ་འགྲུལ་ཁྲིམས་སྲོལ་བརྩི་སྲུང་བྱ་དགོས་པའི་སྐོར་ནས་སློབ་གསོ་གཏོང་དགོས་ཏེ།ལོ་བཅུ་དྲུག་མན་གྱི་བྱིས་པས་གློག་སྒུལ་རྐང་འཁོར་ཞོན་མི་ཆོག་པ་དང་།གཞུང་ལམ་བརྒལ་སྐབས་དུས་བཀག་ནང་མི་བགྲོད་ལམ་ནས་འགྲོ་བ་དང་རླངས་འཁོར་ལ་མཉམ་འཇོག་བྱ་དགོས།གཞུང་ལམ་ཐོག་རྩེད་མོ་རྩེ་བ་དང་རོལ་རྩེད་བྱེད་སྒོ་སྣ་ཚོགས་མི་སྤེལ་བ།རླངས་འཁོར་ལ་སྡོད་སྐབས་བདེ་འཇགས་ལ་དོ་སྣང་བྱེད་དགོས་ཏེ་ལག་རྟགས་མེད་པ་དང་རླགས་འཁོར་གྱི་རྟགས་བྱང་མེད་པ།ཐེག་ཚད་བརྒལ་བ་བཅས་ཀྱི་རླངས་འཁོར་ལ་མི་སྡོད་པ་དང་།གློག་སྒུལ་རྐང་འཁོར་ལ་སྡོད་སྐབས་ངེས་པར་དུ་བདེ་འཇགས་ཞྭ་མོ་གྱོན་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་བར་སྔོན་འགོག་བྱེད་པའི་སྐོར་ནས་སློབ་གསོ་ཡག་པོ་གཏོང་དགོས།
4.མེ་སྐྱོན་འབྱུང་བར་སྔོན་འགོག་བྱ་དགོས།
བྱིས་པར་མེ་དང་།གློག་སོལ་རླངས་བཅས་ཡང་དག་པར་སྤྱོད་དགོས་པའི་སློབ་གསོ་བཏང་ནས་སོལ་རླངས་ཕྱིར་ཤོར་བའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱ་དགོས།བདེ་འཇགས་ངང་སོལ་རླངས་སྤྱོད་པའི་ཤེས་བྱ་ཤེས་རྟོགས་དང་བདེ་འཇགས་ཀྱི་འདུ་ཤེས་དང་དོགས་ཟོན་ནུས་པ་མཐོ་རུ་བཏང་ནས་སོལ་རླངས་ཀྱི་ལས་འཛོལ་འབྱུང་བར་སྔོན་འགོག་དང་གཏན་འགོག་བྱེད་དགོས།བྱིས་པར་རྩྭ་ཐང་དང་ནགས་རི།ཞིང་ར་སོགས་མེ་སྐྱོན་འབྱུང་སླ་བའི་གནས་ནས་མེ་རྩེད་མི་བྱེད་པ་དང་།མེ་ཆ་དང་མུ་ཟི།འབར་གས་སླ་བ་སོགས་ཀྱི་ཉེན་ཆེའི་དངོས་རྫས་བེད་སྤྱོད་མི་བྱེད་པ་སོགས་ཀྱི་ཐད་ནས་སློབ་གསོ་གཏོང་དགོས།གལ་ཏེ་མེ་སྐྱོན་བྱུང་ཚེ་མེ་སྐྱོན་ཐོན་ཡུལ་དང་རྒྱང་དུ་གྱེས་ནས་རང་ངོས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པར་མ་ཟད་དུས་ཐོག་ཏུ་ཉེན་བརྡ་གཏོང་དགོས།
5.རང་བྱུང་གནོད་འཚེ་ལ་སྔོན་འགོག་བྱ་དགོས་པའི་སྐོར།
དབྱར་གནང་སྐབས་འདི་ལ་དྲག་ཆར་ཅུང་མང་བས།དྲག་ཆར་འབབ་པའི་སྐབས་སུ་ཁྱོད་ཀྱི་བྱིས་པར་ངེས་པར་དུ་ཁང་བའི་ནང་ནས་འདུག་དགོས་པའི་སློབ་གསོ་གཏོང་དགོས་པར་མ་ཟད།བྱིས་པར་ཕྱི་ལ་འགྲོ་བའི་སྐབས་སུ་དྲག་ཆར་གྱི་བདེ་འཇགས་རང་སྲུང་རྒྱུན་ཤེས་སྐོར་ཁྲིད་དགོས།ཁྱིམ་བདག་གིས་བྱིས་པར་ལྟ་སྐུལ་དོ་དམ་དང་སློབ་གསོ་བཏང་ནས་རང་དགར་ཆུ་ནང་དུ་རྩེད་མོ་རྩེ་བ་དང་ཉ་འཛིན་པ།རི་ཉིལ་བའི་ཉེན་ལམ་བརྒྱུད་པ།ཉེན་ཁ་ཡོད་པའི་ཁང་བ་དང་གྱང་ལ་ཉེ་བར་བཅར་བཅས་མི་བྱེད་པ་ཁག་ཐེག་བྱ་དགོས།ཆུ་ལོག་ཐོན་སླ་བའི་ཟམ་པ་དང་ཆུ་ལམ་ལ་བཙན་ཤེད་ཀྱིས་མི་བརྒལ་བ་དང་གལ་ཏེ་གློ་བུར་དུ་དྲག་ཆར་བབས་ཚེ་བྱིས་པ་ཕྱིར་འགྲོ་རུ་འཇུག་མི་རུང་བ་སོགས་ལ་དོ་སྣང་བྱ་དགོས།
6.བྱིས་པའི་བཟའ་བཏུང་བདེ་འཇགས་སྐོར་ལ་དོ་སྣང་བྱ་དགོས།
ལུས་ཕུང་བདེ་ཐང་ལ་གནོད་པའི་ཞོར་ཟས་རིགས་མི་བཟའ་བ་དང་།"མེད་པ་གསུམ་གྱི་བཟའ་བཅའ"མི་ཉོ་བ། དུས་རྒྱུན་དུ་ཡོང་ཁུངས་གསལ་པོ་མེད་པ་དང་བདེ་ཐང་མཚོན་རྟགས་མེད་པའི་ཟ་མ་དང་བཏུང་ཆུ་རིགས་མི་སྤྱོད་པ་བཅས་ཀྱི་ཕྱོགས་ནས་སློབ་གསོ་དང་ཁྲིད་སྟོན་གནང་སྟེ་བདེ་ཐང་མིན་པའི་བཟའ་བཅའ་རིགས་སྤྱོད་པར་སྔོན་འགོག་བྱ་དགོས།བྱིས་པར་རློན་པ་དང་འཁྱགས་ཟས།སྲ་མོ་བཅས་ཀྱི་ཟས་རིགས་བཟའ་རུ་མི་འཇུག་པ་དང་། རི་སྐྱེས་ཤ་མོ་དང་ཡང་ན་ཆ་རྒྱུས་མེད་པའི་ཤ་མོ་གང་བྱུང་དུ་མི་འཐུ་བ།དེ་ལས་ཀྱང་རྒྱས་ཟ་རྒྱས་འཐུང་མི་བྱེད་པར་ལུས་ཕུང་བདེ་ཐང་ལ་དོ་སྣང་བྱ་དགོས།
7.དྲ་ལམ་བདེ་འཇགས་ཀྱི་སློབ་གསོ་ལ་ཤུགས་སྣོན་རྒྱག་དགོས།
བྱིས་པར་དྲ་རྒྱའི་ཡ་རབས་ཀྱི་སྤྱི་ཆིངས་བརྩི་སྲུང་བྱ་དགོས་པའི་སློབ་གསོ་གཏོང་བ་དང་།ཚུལ་མཐུན་མིན་པ་དང་མི་ལེགས་པའི་ཆ་འཕྲིན་གྱི་རིགས་ལ་མི་བལྟ་བ། མི་གཞན་ལ་བརྙས་བཅོས་དང་དམའ་འབེབས་པའི་གཏམ་བརྗོད་སོགས་མི་སྤེལ་བའི་སློབ་གསོ་གཏོང་དགོས།བྱིས་པའི་དགའ་མོས་འདོན་སྤེལ་དང་གསོ་སྐྱོང་བྱེད་པར་རོགས་འདེགས་ཀྱིས་དགའ་ཕྱོགས་མང་པོ་བསྐྱེད་བསྲིང་བྱས་ཏེ་དྲ་རྒྱའི་རོལ་རྩེད་ལ་མི་སྲེད་པར་འབད་དགོས།གཞན་ཡང་མི་སྒེར་དང་ཁྱིམ་ཚང་གི་གནས་ཚུལ་གསང་རྒྱར་དོ་སྣང་བྱེད་དགོས་པ་ལས། འདྲ་པར་དང་། སྡོད་གནས། ཁ་པར་སོགས་ཀྱི་ཆ་འཕྲིན་གང་འདོད་དུ་གཞན་ལ་མི་བསྐུར་བ་དང་།ཁྱིམ་བདག་གིས་མི་སྒེར་གྱི་དྲ་རྒྱའི་ནོར་དོན་རྩིས་ཨང་དང་གསང་གྲངས་ལ་དོ་དམ་ཡག་པོ་བྱས་ནས་བརྐུ་ཤོར་ལ་སྔོན་འགོག་བྱ་དགོས།དྲ་རྒྱ་དང་གློག་འཕྲིན་གྱི་མགོ་སྐོར་ལ་ནན་འགོག་བྱས་ནས་ཡོང་ཁུངས་མི་གསལ་བའི་ཆ་འཕྲིན་དང་ཁ་པར་ལ་ཡིད་ཆེས་མི་བྱེད་པ་དང་།བྱིས་པ་གཅིག་པུར་དྲ་གྲོགས་དང་ཐུག་འཕྲད་མི་བྱེད་པའི་བླང་བྱ་ནན་མོ་བཏོན་ཏེ་བྱིས་པར་སློབ་གསོ་ཡག་པོ་གཏོང་དགོས།
8.བྱིས་པར་བཙན་གཡེམ་ཐེབས་པར་སྔོན་འགོག་བྱ་དགོས།
བྱིས་པར་རྒྱུན་དུ་མི་ཆ་མེད་དང་མཉམ་དུ་མི་འགྲོ་བ་དང་།མི་ཆ་མེད་ཀྱི་ཟས་རིགས་མི་བཟའ་བ།ཕྱི་ལ་རྩེ་རུ་འགྲོ་ཚེ་ཁྱིམ་བདག་ལ་བཤད་པ།གསང་བའི་གནས་སུ་རེག་ཏུ་མི་འཇུག་པ།རང་ཉིད་ལ་གནོད་འཚེ་ཐེབས་པའི་སྐབས་སུ་དུས་ལྟར་ཁྱིམ་བདག་དང་དགེ་རྒན་ལ་ཡར་ཞུ་བྱས་ནས་ཐག་གཅོད་བྱ་དགོས་པའི་སྐོར་ནས་སློབ་གསོ་ཡག་པོ་གཏོང་དགོས།
9.བྱིས་པར་བརྙས་བཅོས་ཐེབས་པར་སྔོན་འགོག་བྱ་དགོས།
ཁྱིམ་བདག་གིས་བྱིས་པར་གྲོགས་པོ་དང་མཛའ་མཐུན་མཉམ་གནས་དང་།གྲོགས་པོ་བར་གྱི་འགལ་བ་ཐག་གཅོད་ཡང་དག་བྱ་དགོས་པའི་སྐོར་ནས་སློབ་གསོ་གཏོང་དགོས་པར་མ་ཟད། གཞན་ལ་བརྙས་བཅོས་གཏན་ནས་མི་བྱེད་པ་དང་།གཞན་ལ་བརྙས་བཅོས་བྱེད་པ་མཐོང་ཚེ་རང་ཉིད་ལྟད་མོ་བ་མི་བྱེད་པ་སོགས་ཀྱི་སློབ་གསོ་གཏོང་དགོས། བྱིས་པར་ཁྲིམས་སྐྱོང་གི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས།རང་སྲུང་སྐྱོང་བྱེད་པའི་འདུ་ཤེས་བཅས་ཆེ་རུ་གཏོང་བ། སློབ་གྲྭར་བརྙས་བཅོས་ཐེབས་པ་དང་དེ་མཚུངས་ཀྱི་བྱ་སྤྱོད་མཐོང་ཚེ་དུས་ཐོག་ཏུ་དགེ་རྒན་ནམ་ཁྱིམ་བདག་ལ་བཤད་ནས་ཐག་གཅོད་བྱེད་དགོས་པའི་སློབ་གསོ་གཏོང་དགོས།
10.བྱིས་པའི་སེམས་ཁམས་བདེ་ཐང་ལ་དོ་སྣང་བྱ་དགོས།
ཁྱིམ་བདག་གིས་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དོ་སྣང་བྱས་ཏེ་བྱིས་པར་སྐྱོན་བྲལ་གྱི་བསམ་བློ་དང་གཤིས་སྤྱོད་བཟང་བོ་ཆགས་པར་འོས་མཐུན་གྱི་བྱེད་ཐབས་སྤྱད་དེ་སློབ་གསོ་གཏོང་བ་དང་ཤུགས་རྐྱེན་བཟང་བོ་འཇོག་དགོས་པར་མ་ཟད།ཁྱིམ་བདག་གིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་བྱིས་པའི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་དོ་ཁུར་བྱས་ཏེ་བྱིས་པའི་ཕྱོགས་ཡོངས་ལ་རྒྱུས་ལོན་གསལ་བོ་བྱས་ནས་གང་ལ་གང་འཚམ་གྱིས་སློབ་གསོ་གཏོང་བ་དང་བྱིས་པའི་སེམས་ཁམས་བདེ་ཐང་ལ་མཉམ་འཇོག་བྱེད་པ་ལས་གཅར་རྡུང་དང་སྡུག་མོ་ཁོ་ན་གཏན་ནས་བྱ་མི་རུང་།དབྱར་གནང་གི་དུས་ཚོད་བེད་སྤྱད་དེ་བྱིས་པར་རྒྱུས་ལོན་གསལ་བོ་བྱས་ནས་ཁྱིམ་བདག་དང་བྱིས་པ་དབར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་། དགེ་རྒན་ལ་འབྲེལ་གཏུག་བྱས་ནས་བྱིས་པའི་གནས་ཚུལ་སྔར་ལས་ལྷག་པར་རྒྱུས་ལོན་བྱས་ཏེ་དེ་བསྟུན་གྱིས་བྱེད་ཐབས་སྤྱད་ནས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་འབད་དགོས། གཞན་ཡང་། དབྱར་གནང་སྐབས་སུ་བྱིས་པར་འོས་འཚམ་གྱི་ལས་ཀ་བཀོད་སྒྲིག་བྱས་ནས་ཕ་མའི་སྐྱིད་སྡུག་དང་ཁྱིམ་ཚང་གི་དཀའ་ཁག་ཤེས་སུ་བཅུག་སྟེ་དཀའ་ཁག་གང་ལ་ཐུག་ཀྱང་དཔའ་མི་ཞུམ་པར་སྙིང་སྟོབས་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་དགོས་པའི་སྐོར་ནས་སློབ་གསོ་གཏོང་དགོས།
11.བྱིས་པར་དུས་ལྟར་ལས་བྱ་ལེགས་འགྲུབ་བྱ་བར་ལྟ་སྐུལ་ལེགས་པོ་བྱ་དགོས།
དབྱར་གནང་གི་སྐབས་འདི་ལ།ཁྱིམ་བདག་དག་ཀྱང་རང་གི་འཚོ་བའི་ཁ་རྒྱབ་ཀྱི་ཆེད་དུ་འབད་འབུངས་བྱེད་བཞིན་པའི་སྒང་ཡིན་ལ།ལྷག་པར་དུ་བྲེལ་འཚུབ་ཆེ་བའི་དུས་སྐབས་ཤིག་ཡིན།ཡིན་ཡང་།ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་ཁྱོད་ཀྱི་ཤ་ལས་མཆེད་པའི་གཅེས་ཕྲུག་དང་ང་ཚོའི་སློབ་མ་འདི་དག་གི་རྒྱུད་ལ་ཀུན་སྤྱོད་ཡག་པོ་ཞིག་གོམས་པ་དང་ཡོན་ཏན་ལེགས་པོ་ཞིག་འབྱོར་བ་དེ་ཡིན་པས།རང་རེའི་དགེ་རྒན་དག་གིས་སློབ་མར་དབྱར་གནང་གི་ལས་བྱ་འོས་འཚམ་ཞིག་བཞག་ཡོད་ལ།ཁྱིམ་བདག་གིས་བྱིས་པས་ལས་བྱ་ལེགས་འགྲུབ་བྱ་བར་ལྟ་སྐུལ་ལེགས་པོ་གནང་དགོས་པའི་རེ་སྐུལ་ཞུས་པ་ཡིན།དེ་བས།ཁྱིམ་བདག་གིས་ཀྱང་སློབ་མའི་དབྱར་གནང་གི་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱས་ནས་སློབ་མའི་ལུས་དཔེ་ཆ་དང་མ་བྲལ་བར་ཤེས་རབ་ཀྱི་མིག་བཙལ་བ་དང་། ངག་གུས་ཚིག་དང་མ་བྲལ་བར་རྩིས་མཐོང་གི་བློ་དཀར་བ།ཡིད་དགེ་བ་དང་མ་གྱེས་པར་ཡ་རབས་ཀྱི་ལས་ལ་འཇུག་པར་འབད་ནས་དབྱར་གནང་གི་འགན་འཁྲི་ལེགས་པར་འགྲུབ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
གུས་པར་འོས་པའི་ཁྱིམ་བདག་ལགས། བྱིས་པའི་སློབ་གསོ་དང་བདེ་འཇགས་ནི་ཁྱེད་དང་ང་ཚོའི་སེམས་ཁྲལ་ཆེ་ཤོས་དེ་ཡིན་པ་དང་།བྱིས་པའི་མི་ཚེ་ཧྲིལ་བོ་དང་འབྲེལ་བ་དམ་པོ་ཡོད་ལ་ཁྱེད་ཚང་གི་བདེ་སྐྱིད་ལ་ཡང་འབྲེལ་བ་དམ་པོ་ཡོད་པས།ང་ཚོས་མི་རང་ཉིད་ནས་འགོ་རྩོམ་པ་དང་།དུས་ད་ལྟ་ནས་འགོ་བཙུགས་ཏེ་ལྟ་སྐྱོང་གི་འགན་འཁྲི་ལག་བསྟར་བྱ་དགོས་པ་དང་བྱིས་པའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་དང་སློབ་གསོ་ཡག་པོ་བཏང་ནས་བྱིས་པར་བདེ་སྐྱིད་དང་སྤྲོ་སྐྱིད་ཀྱི་མི་ཚེ་ཞིག་བསྐྲུན་པར་འབད་དགོས།
མཐར་ཁྱེད་ཅག་གི་ཁྱིམ་མི་ཡོངས་ཀྱི་འབྱུང་བཞིའི་ལུས་པོར་བདེ་ཐང་གི་རྩལ་རྒྱས་ཏེ། ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པས་ཟླ་ཚེས་བཟང་བོར་སྤྲིངས།
༢༠༢༤ལོའི་ཟླ༧ཚེས༢༠ཉིན།
尊敬的家长朋友:
您们好!在您的关心和大力支持下,我校已顺利完成本学期的各项教育教学工作。在此,向您致以衷心的感谢!
暑假即将开始,为了让您的孩子度过一个"安全、健康、快乐、有益"的假期,我们诚挚地希望您在假期里切实承担起孩子监护人的责任,加强对孩子的安全教育和管理。
一、2023-2024学年暑假放假、开学时间:
根据上级教育主管部门的文件要求,结合我校实际,放假安排如下:
1.高一新生:2024年9月1日报到。
2.高二年级学生:2024年7月18日至8月31日放假,8月31日报到。
3.高三年级学生:2024年7月18日至8月20日放假,8月20日至8月31日进行补课。
二、加强安全教育,提高孩子的安全意识
1.做好自己健康的第一责任人。
教育引导孩子牢固树立健康第一的观念,坚持做好个人防护,坚持健康文明生活习惯,发挥小手拉大手作用,保护自己,保护家人。
2.强化防溺水教育
严防学生溺水事故发生。学生不私自下水游泳,不擅自与同学结伴游泳,不到无安全设施、无救护人员水域游泳,不到不熟悉的水域游泳,不到危险水域玩耍。家长应教会孩子一些简单游泳知识和自救知识,当发现有人落水时,不要贸然去救人,应当迅速呼叫大人来抢救。
3.加强交通安全
家长应教育孩子出行注意交通安全,遵守交通规则;骑自行车不飞车、不打闹;乘坐交通工具按顺序上下车;不乘坐无驾驶证、无行车证、无牌照的汽车。
4.消防安全
教育孩子正确用火、用电、用气,防止煤气泄漏事件。了解安全用气知识,培养安全意识和防范能力,有效预防和杜绝燃气事故的发生。要求学生不在任何场所玩火,不携带火种、火具、火药、易燃易爆物品,禁止参与野炊、烧烤等野外用火活动,如果一旦发现火情,我们要远离火灾现场,确保自身安全并及时报警。
5.加强自然灾害教育
暑假雷雨较多,雷雨天时请教育你的孩子最好待在室内,并教会孩子在外出时遇到雷雨的安全自护常识。夏季是多发暴雨季节,望家长监管、教育子女不私自下河玩耍、垂钓;不强行私自经过滑坡险道,远离危房、危墙;不强行私自过易发洪水的险桥、河道,若遇突发暴雨,不强行让子女外出。
6.加强饮食安全教育
家长应提醒孩子不到小摊小贩上买零食,不买“三无食品”,注意检查食品的生产日期和保质期。不要让孩子吃生、冷、硬的食品,不要轻易采食野生蘑菇或来源不明的蘑菇。更不暴饮暴食,以免影响身体健康。继续做好防治呼吸道传染病的工作,注意保持家庭室内的通风。
7.加强网络安全教育
教育孩子遵守网络文明公约,不浏览低俗不良信息,不发表侮辱欺凌他人言论。帮助孩子开发培养更多的爱好兴趣,不沉迷于网络游戏。注意个人及家庭信息的保密,不随意上传照片、住址、电话等信息;家长管理好个人网络财务账号和密码,防止被盗用。严防网络诈骗及电信诈骗,不轻信来历不明的信息、电话,不单独与网友见面。
8.强化防性侵教育
家长应教育孩子不随意跟陌生人出行,不吃陌生人东西,出外玩耍要告知家长。隐私的地方不能让任何人触摸,遭遇伤害时学会及时报告家长或老师处理。
9.加强防欺凌教育
家长应教育孩子与同伴友好相处,正确处理同伴间的矛盾,不做欺凌者和旁观者,主动远离欺凌。增强法治意识、安全意识和自我保护能力,遭遇校园欺凌时,学会及时报告老师或家长处理。
10.要重视孩子心理健康教育
请家长们务必随时关注孩子的心理变化,高度重视与孩子交流沟通,切忌采取简单粗暴方式进行解决,注重心理疏导。利用假期与孩子积极沟通交流,创建温馨家庭氛围,改善亲子关系;加强与学校老师联系沟通,分析处理孩子的各种情绪,共促孩子健康成长。走近孩子心灵,弥补现代生活节奏带来的孩子和父母之间无暇沟通的缺憾,切实让孩子特别是留守儿童感受到家庭的温暖。
11.督促孩子按时完成暑假作业
暑假期间,许多孩子处于放松状态,对学习有所懈怠,家长要提醒孩子合理安排时间,督促孩子完成作业。同时要配合落实“五项管理”“双减”规定,合理制定作息时间,保障孩子充足睡眠时间。要引导孩子合理安排户外活动时间,增强体质健康。要鼓励孩子多读书、读好书,养成良好阅读习惯。要引导孩子加强劳动实践,增强技能本领。
家长朋友们,让我们携手同心,交好孩子成长的接力棒,家庭、学校、社会协同努力,尊重孩子、关爱孩子、帮助孩子成长成才!衷心祝愿您和家人工作顺利、身体健康!
海南州第三民族高级中学
2024年7月20日