རང་རེའི་སློབ་གྲྭས་མཐོ་གསུམ་མཐར་ཕྱིན་མཛད་སྒོ་སྐབས་༨པ་སྤེལ།

文摘   2024-06-01 22:15   青海  



དབྱར་ཟླ་དྲུག་པ་ནི་མེ་ཏོག་རྣམ་པར་བཞད་པའི་དུས་ཚིགས་ཤིག་ཡིན་ལ། འབྲས་བཟང་མངོན་པར་ཕྱོགས་པའི་དུས་ཚོད་ཅིག་ཀྱང་ཡིན།སྤྱི་ལོ༢༠༢༤ལོའི་སྤྱི་ཟླ༦ཚེས༡ཉིན་གྱི་བཀྲ་ཤིས་དུས་བཟང་གི་ཉིན་མོ་འདིར།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པས་༢༠༢༤ལོའི་མཐར་ཕྱིན་སློབ་མ་སྐྱེལ་བའི་མཛད་སྒོ་སྤེལ།

ཐོག་མར་གཅེས་པའི་སློབ་བུ་ཚོ་གངས་རིའི་སྐར་རྒྱན་གྱི་གླུ་ངག་གི་དབྱངས་རྟ་དང་བསྡོངས་ཏེ་མ་འོངས་པར་མཐོ་སྒང་གི་གྲུ་ག་སོ་སོ་ནས་འོད་ལམ་ལམ་དུ་འཚེར་བའི་སྨོན་འདུན་དང་བཅས་ཚོགས་རར་ཞུགས།

མཛད་སྒོའི་གོ་རིམ་དང་པོ་།ཏང་ཨུའུ་ཧྲུའུ་ཅི་གཞོན་པའམ་སློབ་གཙོ་དགྲ་འདུལ་རྒྱལ་ལགས་ནས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་མཐར་ཕྱིན་མཛད་སྒོ་སྐབས་༨པ་དངོས་སུ་མགོ་བརྩམས་པ་སྒྲོག་འདོན་བྱས་པ་དང་མཉམ་དུ་དགེ་སློབ་ཚང་མས་རྒྱལ་གླུ་ལེན་བཞིན་རྒྱལ་དར་བསྒྲེངས།

མཛད་སྒོའི་གོ་རིམ་གཉིས་པ་།སློབ་སྟོན་ཁང་གི་ཀྲུའུ་རིན་བན་དེ་ཚེ་རིང་རྒྱལ་གྱིས་༢༠༢༤ལོའི་འཛིན་གྲྭ་བཅུ་བོའི་སློབ་མ་ཡོངས་དངོས་སུ་སློབ་མཐར་ཕྱིན་པའི་ཡིག་ཆ་སྒྲོག་འདོན་གནང་ཞིང་སློབ་གྲྭའི་མགོ་ཁྲིད་དག་གིས་མཐར་ཕྱིན་དཔང་ཡིག་གནང་།

མཛད་སྒོའི་གོ་རིམ་གསུམ་པ།མཐོ་གཅིག་དང་མཐོ་གཉིས་ཀྱི་སློབ་གྲོགས་ཚོས་མཐོ་གསུམ་མཐར་ཕྱིན་སློབ་བུ་ཚོར་རྟེན་འབྲེལ་གྱི་ཁ་བཏགས་བསྒྲོན།

མཛད་སྒོའི་གོ་རིམ་བཞི་བ། མཐོ་གསུམ་འཛིན་གྲྭ་བདུན་པའི་སློབ་གྲོགས་དཀོན་མཆོག་བཀྲ་ཤིས་ཀྱིས་མཐར་ཕྱིན་སློབ་བུ་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད་བྱས།

མཛད་སྒོའི་གོ་རིམ་ལྔ་བ།སློབ་གཙོ་གཞོན་པ་རྡོ་རྗེ་བཀྲ་ཤིས་ཀྱིས་༢༠༢༤ལོའི་ཕུལ་བྱུང་མཐར་ཕྱིན་སློབ་མའི་མིང་ཐོ་སྒྲོག་འདོན་གནང་ཞིང་ཕུལ་བྱུང་མཐར་ཕྱིན་སློབ་མར་དཔང་ཡིག་གནང

མཛད་སྒོའི་གོ་རིམ་དྲུག་པ། དགེ་རྒན་བང་ཡོང་ལགས་ནས་མཐར་ཕྱིན་འཛིན་གྲྭའི་དགེ་རྒན་གྱི་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད་གནང་།

མཛད་སྒོའི་གོ་རིམ་བདུན་པ། མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་ལེགས་སྐྱེས་འབུལ་བ།

མཛད་སྒོའི་གོ་རིམ་བརྒྱད་པ། སློབ་གྲྭའི་མགོ་ཁྲིད་ལྷན་རྒྱས་ཀྱིས་མཐར་ཕྱིན་སློབ་བུ་ཡོངས་ལ་དྲན་རྟེན་གྱི་ལེགས་སྐྱེས་གནང་བ།

མཛད་སྒོའི་གོ་རིམ་དགུ་བ། མཐོ་གསུམ་ལོ་རིམ་གྱི་ཁག་གཙོ་རྒན་གདུགས་དཀར་རྒྱལ་ལགས་ཀྱིས་མཐར་ཕྱིན་སློབ་བུ་ཡོངས་ལ་གྱེས་ཁའི་སེམས་གཏམ་གནངས།

མཛད་སྒོའི་གོ་རིམ་བཅུ་བ། མཐར་ཕྱིན་སློབ་མས་སློབ་གྲྭའི་མགོ་ཁྲིད་དང་མཐོ་གསུམ་དགེ་རྒན་ཡོངས་ལ་དྲི་མེད་དྭངས་གཙང་གི་ལྷ་རྫས་འབུལ།

མཛད་སྒོའི་གོ་རིམ་བཅུ་གཅིག་པ། སློབ་གྲྭའི་ལས་བཟོ་བར་མཐར་ཕྱིན་སློབ་མས་དྲི་མེད་དྭངས་གཙང་གི་ཁ་བཏགས་འབུལ་བ།

མཛད་སྒོའི་གོ་རིམ་བཅུ་གཉིས་པ། སློབ་གྲྭའི་མགོ་ཁྲིད་དང་མཐོ་གཅིག་མཐོ་གཉིས་ཀྱི་ལོ་རིམ་ཁག་གཙོས་ལོ་ངོ་གསུམ་གྱི་རིང་ལ་དཀའ་སྡུག་མང་དུ་མྱངས་བའི་མཐོ་གསུམ་ལོ་རིམ་གྱི་འགན་འཛིན་པ་ཚོར་དྲི་མེད་དྭངས་གཙང་གི་ཁ་བཏགས་ཕུལ།

མཛད་སྒོའི་གོ་རིམ་བཅུ་གསུམ་པ།   སློབ་གྲྭའི་ཏང་ཨུ་ཧྲུའུ་ཅི་སྟོབས་ལྡན་ལགས་ནས་མཐར་ཕྱིན་སློབ་མར་ཤིས་ཚིག་ཕུལ།

གྱེས་གདུང་དང་འཁྲེང་ཞེན་གྱི་སེམས་ཁ་ལྗིད་ཀྱིས་མནན་ཏེ་འབྲལ་ཁའི་སྐད་ཅིག་མ་འདིར་ཐོན་པས། ད་ནི་ང་ཚོས་སྐྱོ་བ་དང་སྡུག་ཡུས་མི་བརྗོད། ང་ཚོས་ཕྱིར་དྲན་དང་འདས་དོན་མི་གླེང་། ང་ཚོས་སྟག་ཤ་ར་ཞིག་ལ་དགོས་པའི་སྒམ་བརླིང་དང་སྤོབས་པ་བསྣམས་ནས། ང་ཚོས་སྨན་བུ་མོ་ཞིག་ལ་དགོས་པའི་དཀྱེལ་ཡངས་དང་ལྷོད་བག་ཁུར་ནས། བསྐྱོད་དགོས་པའི་ཤེས་རིག་གི་ལམ་ཆེན་རྡོག་པས་གནོན། སྤོ་དགོས་པའི་བརྩོན་འགྲུས་ཀྱི་གོམ་པ་ཤུགས་ཀྱིས་ལེན། མདོར་ན། ང་ཚོས་རེ་བ་དང་ཡིད་ཆེས་བརྟན་པོས། ཕོ་ཚོད་དང་དཔའ་གདེང་ཆེན་པོས། ཐེངས་འདིའི་མཛད་སྒོ་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྫོགས་ཚིག་འགོད།




海南州第三民族高级中学
海南州第三民族高级中学是在海南州委、州政府的直接领导下,为了满足海南州农牧民子女上高中的需求,于2014年新建的一所民族高中。
 最新文章