ཤེས་པ་མཉམ་སྤྱོད་དང་ཤེས་རབ་མཉམ་འཕེལ། བསམ་བློ་བརྗེ་རེས་ཀྱི་རྩ་དོན་དམིགས་སུ་བཟུང་ནས། ཟླ5ཚེས29ཉིན་གྱི་དགོང་མོའི་དུས་ཚོད་བདུན་སྟེང་ལྷག་བསམ་གྱི་དུངས་པ་ཟབ་ཅིང་ཤེས་རིག་གི་དྲི་བསུང་འཐུལ་བའི་མང་གཞུང་རིག་པའི་དགའ་ཚལ་སྟེ་མཐོ་འབྲིང་གསུམ་པའི་ཤེས་རབ་གླིང་དགེ་རྒན་དཔེ་ཀློག་ཁང་དུ་གཟའ་ལྷག་པའི་གླེང་སྟེགས་སྐབས་ཉེར་དགུ་བ་དང2024ལོའི་དཔྱིད་ཚིགས་སློབ་སྐབས་ཀྱི་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་གྲ་སྒྲིག་དང་གོ་རིམ་ཡོད་པའི་ངང་འཚོགས།
为了进一步强化班主任队伍的建设,充分发挥班主任在学校教育教学中的核心引领作用,我校于2024年5月29日晚,在智慧苑书吧隆重召开了班主任经验分享交流会。此次活动由德育管理处精心组织,全体校务成员、班主任及对此次交流会感兴趣的教师们齐聚一堂,共同见证了六位班主任的精彩分享。
ཐེངས་འདིའི་གླེང་སྟེགས་ནི་རང་རེའི་སློབ་གྲྭའི་ཀུན་སྤྱོད་དོ་དམ་ཁང་གིས་གཙོ་སྒྲུབ་བྱས་པ་དང་། སློབ་གྲྭའི་མགོ་ཁྲིད་རྣམས་དང་འཛིན་བདག་ཡོངས་ཞུགས།ཐོག་མར་སློབ་གཙོ་གཞོན་པ་ཚེ་བརྟན་དོན་གྲུབ་ཀྱིས་འཛིན་བདག་གི་བྱ་བའི་གལ་ཆེན་རང་བཞིན་དང་བྱེད་ནུས་སྐོར་ནས་ཐེངས་འདིའི་བགྲོ་གླེང་ལ་གླེང་བསླངས་ཏེ་གླེང་བརྗོད་པ་འཛིན་བདག་དྲུག་པོའི་གླེང་གཞི་ངོ་སྤྲོད་མདོར་བསྡུས་བྱས་ནས་མདོ་འཛིན་གནང་བ་དང་འཛིན་བདག་དྲུག་པོས་གོ་རིམ་བཞིན་དུ་རང་གི་ཤེས་པ་མཉམ་སྤྱོད་བྱས།
会议由才旦当周副校长主持,他首先介绍了本次活动的目的、意义及流程,为整个交流会奠定了基调。
འཛིན་བདག་ཚའོ་ཀྲིན་ཞའོས་འཛིན་གྲྭ་ཞན་ཤོས་དོ་དམ་གྱི་བསམ་ཚུལ་བརྒྱད་ཅེས་པ་བརྗོད་གཞི་བྱས་ཏེ་ཞན་པའི་རྒྱུ་རྐྱེན་དང་དེ་འབྲེལ་གྱི་གནད་དོན་ཐག་གཅོད་བྱེད་སྟངས་སྐོར་ནས་རང་གི་ལྟ་ཚུལ་གླེང་བ་དང་། འཛིན་བདག་རྡོ་རྗེ་བསམ་འགྲུབ་ཀྱིས་སློབ་མ་སེམས་ཀྱིས་སྐྱོང་བ་བརྗོད་གཞིར་བཟུང་ནས་རང་གི་ལྟ་ཚུལ་ཕྱོགས་ལྔ་ནས་གླེང་སྟེ་ཐེངས་འདིའི་བགྲོ་གླེང་ལ་ཁ་དོག་གསར་བ་ཞིག་བསྐྲུན།
交流会伊始,曹振枭老师以《关于“差乱班”班级管理的八条建议》为主题,为大家提供了宝贵的经验。他深入浅出地介绍了管理“差乱班”的八条实用建议,为班主任们提供了宝贵的启示。紧接着,多杰三智老师以《从“用力”走向“用心”》为题,分享了五个方面的班级管理经验,强调了在班级管理中管理心态和管理方法的重要性。
འཛིན་བདག་གཡང་སྐྱབས་རྒྱལ་གྱིས་འཛིན་གྲྭའི་དོ་དམ་དང་སློབ་གསོའི་ལྟ་བ་གླེང་གཞི་བྱས་ཏེ་སློབ་མའི་མི་གཞི་དང་ལྟ་ཚུལ་ཡང་དག་ཆགས་པ། མི་གཙོ་བོར་འཛིན་པའི་ལྟ་ཚུལ་གླེང་སྟེ་རང་གི་ལོ་ངོ་དུ་མའི་ཉམས་མྱོང་མཉམ་སྤྱོད་གནང་བ་དང་། འཛིན་བདག་དོན་གྲུབ་ཚེ་རིང་གིས་འཛིན་གྲྭའི་ལས་སྣེ་བ་གསོ་སྐྱོང་བྱ་ཐབས་བརྗོད་གཞི་བྱས་ཏེ་འཛིན་གྲྭའི་ལས་སྣེ་བ་འདེམས་སྟངས་དང་གསོ་སྐྱོང་བྱ་ཐབས། འཛིན་གྲྭའི་རིག་གནས་སྒྲིག་འཛུགས་སྐོར་ནས་རང་གི་བསམ་ཚུལ་བརྗོད།
羊吉加老师则以《班级管理与教育理念》为主题,深入探讨了班主任在学生成长过程中的角色。他通过生动的案例,倡导班主任通过言传身教引导学生树立正确的世界观、人生观和价值观,成为家长、学校和学生之间的桥梁。东主才让老师针对高中阶段的班干部培养问题,提出了《高中班主任在班级管理工作中的班干部培养策略》。他结合当前班干部存在的问题,提出了六个针对性的培养策略和应对策略,为班干部的培养提供了新思路。
འཛིན་བདག་དགྲ་འདུལ་ནོར་བུས་འཛིན་གྲྭའི་དོ་དམ་སྟེ་སློབ་མའི་ཀུན་སྤྱོད་སློབ་གསོ་དང་ཐུན་མོང་གི་རིག་གནས་སྒྲིག་འཛུགས། སློབ་སྦྱོང་། གོམས་གཤིས། བསམ་བློ་སོགས་ཀྱི་ཐད་ནས་མཛུབ་སྟོན་དང་དོ་དམ་བྱ་ཐབས་སྐོར་ནས་ཁ་བརྡ་བྱས་ཤིང་། འཛིན་བདག་བསོད་ནམས་ཚེ་རིང་གིས་འབྲེལ་འདྲིས། བར་ཐག དཀྱེལ་ཡངས་བཅས་བརྗོད་བྱར་བཟུང་ནས་ནང་སེམས་ཀྱི་འབྲེལ་འདྲིས་ནི་ཕན་ཚུན་རྒྱུས་ལོན་བྱེད་པའི་ཐབས་མཆོག་དང་། འཛིན་གྲྭའི་དོ་དམ་པ་ཞིག་གི་ངོས་ནས་གང་བསྐྱང་བྱའི་སློབ་མ་དག་གི་འཚར་ལོངས་ཀྱི་གོ་རིམ་ལ་དམིགས་པ་གཏད་དེ། སེམས་ཁམས་བདེ་ཐང་དང་། འཕྲལ་བདེ་ཕུགས་སྐྱིད། བརྟན་བརླིང་ཁོག་ཡངས་ཅན་གྱི་མི་བུ་སྒལ་ཚིགས་ཅན་རེ་གསོ་སྐྱོང་བྱ་བའི་སྐོར་ནས་རང་གི་ལྟ་ཚུལ་གླེང་།
占登俄日老师从班级德育教育和班级集体文化出发,分享了《班级管理》的经验。他围绕班级文化建设、学生学习方法、学生养成习惯等方面进行了深入交流,为班级管理提供了丰富的实践经验。索南才让老师则以《交往、距离、宽容》为主题,强调了师生心灵交流的重要性。他倡导班主任关注学生的成长经历和心理健康,培养性格稳重、心态宽容的高中生。
འཛིན་བདག་ཉི་མ་ཚེ་རིང་དང་མཱ་ཡིན་ལོང་། པདྨ་བཀྲ་ཤིས་སོགས་ཀྱིས་འཛིན་གྲྭའི་དོ་དམ་སྐོར་ནས་རང་གི་ཉམས་མྱོང་དང་འབྲེལ་ནས་ཁ་བརྡ་བྱས། དེ་རྗེས་ཀྲུའུ་རིན་བསེ་ཐར་འབུམ་ཀྱིས་ཐེངས་འདིའི་བྱ་འགུལ་བརྒྱུད། འཛིན་བདག་རྣམས་ཀྱིས་རང་ཉིད་ཀྱི་ཆད་པ་ཁ་གསབ་དང་ཡོད་པ་ཇེ་ལེགས། འཐུས་ཚང་དུ་བཏང་སྟེ་རང་ཉིད་ལ་འཛིན་གྲྭ་སྐྱོང་ཐབས་ཀྱི་སྐོར་ནས་མ་ལག་ཁ་ཚང་ཞིག་ཡོད་དགོས་པ་དང་། ལྷག་བསམ་དང་ཤེས་རབ་ལྡན་པའི་ཁྱད་ཆོས་ཅན་གྱི་འཛིན་བདག་ཞིག་བྱ་དགོས་པའི་རེ་བ་བཏོན།
在经验分享的过程中,尼马才让、马英龙、完玛扎西等老师对六位班主任的分享提出了宝贵的意见和建议,并分享了自己在班级管理工作中的独特见解。赛太本主任对本次交流会的目的及前期准备工作进行了汇报,并倡议全校班主任向这六位优秀班主任学习,进一步提高班级管理水平。
ཏང་ཨུའི་ཧྲུའུ་ཅི་སྟོབས་ལྡན་ལགས་ནས་ཐེངས་འདིའི་བྱ་འགུལ་གྱི་མགོ་མཇུག་བར་གསུམ་དང་གླེང་བརྗོད་པ་དག་གི་ཤེས་པ་ལ་གདེང་འཇོག་གནང་བ་མ་ཟད། འཛིན་གྲྭའི་དོ་དམ་སྐོར་གྱི་གནད་དོན་ཙག་ཙིག་ཡིག་ངོར་ཕབ་པར་གོམས་དགོས་པའི་རེ་སྐུལ་དང་རིམ་བཞིན་འདིའི་ཕྱོགས་ལ་ཞིབ་འཇུག་བྱས་ཏེ་སྔར་ལས་ལྷག་པའི་འབྲས་བཟང་མངོན་པར་ཡིད་ཆེས་དང་སྒོས་སུ་སློབ་གྲྭ་ཞིག་ལ་མཚོན་ན་འཛིན་བདག་གི་བྱ་བར་ཤུགས་སྣོན་པ་ནི་འཕེལ་རྒྱས་ཀྱི་འགག་རྩ་ཡིན་པས་མུ་ནས་རང་གི་ལས་ཀར་ཧུར་བརྩོན་བྱ་དགོས་པའི་བླང་བྱ་བཏོན།
多旦书记对六位分享经验的班主任给予了高度评价和鼓励。他称赞他们的分享内容朴实而真挚,都是实实在在的班级管理方法,展现了班主任们极高的工作热情和专业素养。他看到了我校班主任团队的智慧结晶和管理力度,也看到了我校教育工作欣欣向荣、不断向前的希望。他鼓励各位班主任博采众长,提升班级管理的能力,并倡导在班级管理方面展开课题研究。
མཇུག་མཐར་སློབ་གཙོ་དགྲ་འདུལ་རྒྱལ་ལགས་ནས་དོ་ནུབ་བྱ་འགུལ་ལ་ཞུགས་མཁན་གྱི་འཛིན་བདག་རེ་རེ་ཡི་བརྗོད་བྱ་གཞིར་བྱས་ཏེ་རང་ངོས་ཀྱི་ཉམས་མྱོང་དང་སྦྲགས་ནས་ཐེངས་འདིའི་བྱེད་སྒོ་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་གནང་ཞིང་། རྒྱུན་ལྡན་གྱི་བྱ་བའི་ཉམས་མྱོང་ཕྱོགས་སྡོམ་དང་། དགེ་གྲོགས་ཕན་ཚུན་བར་བསམ་བློ་བརྗེ་རེས། འཛིན་བདག་དོ་དམ་སྐོར་གྱི་དཔེ་ཆར་མང་དུ་བལྟས་ནས་རང་ཉིད་སྔར་ལས་ལྷག་པའི་འཕེལ་རྒྱས་གཏོང་དགོས་པའི་རེ་བ་བཏོན།
最后,扎德加校长为本次交流会做了全面总结。他高度赞扬了六位班主任的精彩分享,并强调本次交流会是互相学习、共育合格高中生的最佳平台。他相信在校领导的正确指导下,在班主任的精心管理下,三民中的班级管理水平一定会再上新台阶,学校的教育质量一定会再创新辉煌。
མདོར་ན་ཐེངས་འདིའི་བྱ་འགུལ་བརྒྱུད། འཛིན་གྲྭའི་དོ་དམ། སློབ་མའི་སེམས་ཁམས་བདེ་ཐང་། སློབ་གྲྭ་དང་ཁྱིམ་ཚང་མཉམ་སྒྲུབ་མཉམ་སྐྱོང་གི་ཕྱོགས་ནས་དམིགས་འབེན་གསལ་བོ་བསྟན་པ་མ་ཟད། གླེང་བརྗོད་པ་དང་ཉན་པ་པོ་དག་ལ་བློ་སྐུལ་མི་དམན་པ་ཐོབ།
此次班主任工作经验交流会不仅夯实了班主任工作的基础,也为今后的育人管理工作指明了方向。我们相信,在全体师生的共同努力下,海南州第三民族高级中学的明天一定会更加美好!