སློབ་འགོ་ཚུགས་པའི་བརྡ་ཐོ།
གུས་པར་འོས་པའི་ཁྱིམ་བདག་དང་སྙིང་ནས་བརྩེ་བའི་སློབ་གྲོགས་རྣམ་པ། ད་ནི་ཟླ་གཅིག་ལྷག་གི་དབྱར་གནང་གི་ངལ་གསོའི་དུས་ཡུན་མཇུག་སྒྲིལ་ཏེ་སློབ་སྐབས་གསར་པ་ཚུགས་ལ་ཉེ་བའི་སྐབས་འདིར།ང་ཚོས་སློབ་གྲོགས་གསར་རྙིང་ཚང་མ་རིག་པའི་སྡིངས་ཀ་འདི་རུ་བདེ་བླག་ངང་ལྷན་འཛོམས་ཡོང་བར་ཆེད་དུ་སློབ་ཚུགས་བརྡ་ཐོ་འདི་གསལ་བསྒྲགས་བྱས་པ་ཡིན་པས། ཞིབ་ཏུ་གཟིགས་རོགས།
གཅིག མིང་ཐོ་དགོད་པའི་དུས་ཚོད་དང་ས་གནས།
ཟླ་8ཚེས་31ཉིན་གྱི་སྔ་དྲོའི་ཆུ་ཚོད8:30ནས་12:00བར་མཐོ་གཉིས་འཛིན་གྲྭ་སོ་སོའི་སློབ་ཁང་དུ་ཐོ་འགོད་བྱ་དགོས།
ཟླ་9ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་8:30ནས་12:00བར་མཐོ་གཅིག་སློབ་མ་གསར་བ་སློབ་ཁྲིད་ཐོག་ཁང་མདུན་གྱི་ཐང་ཆེན་དུ་ཐོ་འགོད་བྱ་རྒྱུ་ཡིན། སློབ་མ་གསར་བ་གལ་ཏེ་དུས་ཐོག་ཏུ་སློབ་གྲྭར་ཐོ་འགོད་བྱེད་པར་ཡོང་མི་ཐུབ་ཚེ། འབྲེལ་ཡོད་མི་སྣར་གནང་བ་ཞུ་བའམ་གནས་ཚུལ་གསལ་བཤད་བྱ་དགོས།
གཉིས། སློབ་ཚུགས་སྔོན་གྱི་གྲ་སྒྲིག
1.དུས་ཚོད་ལྟར་ངལ་གསོ་བྱེད་པའི་གོམས་སྲོལ་ལོབས་པར་བྱེད་པ་དང་སྔ་མོ་ནས་སློབ་སྐབས་གསར་བ་སྤོབས་པས་བསུ་བར་སེམས་ཤུགས་བསྐྱེད་དགོས།
2.དབྱར་གནང་ལས་བྱ་བྲིས་ཚར་མིན་ལ་ནན་གྱིས་ཞིབ་བཤེར་བྱེད་རོགས།
3.ཚུལ་ལྡན་གྱི་སྐྲ་ཚུགས་འཇོག་པ་དང་སློབ་ལྭ་གོན་པ།
གསུམ། ཐོ་འགོད་གོ་རིམ།
1.སློབ་གྲྭའི་སྒོ་འགྲམ་གྱི་སྤྱི་བསྒྲགས་བྱང་བུའི་སྟེང་རང་ཉིད་འཛིན་གྲྭ་གང་ཡིན་པ་བཙལ་རྗེས་ཁྱིམ་ཐོ་དང་མཐར་ཕྱིན་འཛིན་ཡིག་སོགས་འཁྱེར་ནས་འཛིན་བདག་ཡོད་སར་ཐོ་འགོད་བྱེད་དུ་འགྲོ་དགོས།
2.འཛིན་བདག་གི་ལག་ནས་ཉལ་ཆས་བླངས་རྗེས་སློབ་གྲྭའི་གཏན་འཁེལ་ལྟར་མལ་ཁང་དུ་ཞག་སྡོད་འགྲོ་ལུགས་སྒྲུབ་པ།
3.ཐོ་འགོད་འགྲོ་ལུགས་སྒྲུབ་ཚར་རྗེས་སློབ་མ་རྣམས་འཛིན་བདག་གི་བཀོད་སྒྲིག་ལྟར་སློབ་ཁང་དུ་འགྲོ་དགོས།
4.ཐོ་འགོད་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་14:20སྟེང་སློབ་གྲྭའི་སྨྱན་མང་གཟུགས་སློབ་ཁང་དུ་ཁྱིམ་བདག་ཚོགས་འདུ་འཚོག་རྒྱུ་ཡིན་ལ།སློབ་མ་རྣམས་རང་འཛིན་གྲྭའི་སློབ་ཁང་དུ་སོང་ནས་བསླབ་དེབ་ལེན་དགོས།
5.ཟླ་9བའི་ཚེས་2ཉིན་ནས་བཟུང་མཐོ་གཅིག་སློབ་མ་གསར་བས་གཅིག་གྱུར་གྱིས་སློབ་ལྭ་གྱོན་ཏེ་དམག་སྦྱོང་བྱ་རྒྱུ་ཡིན་པས། གལ་སྲིད་གཤག་བཅོས་དང་ལུས་ཕུང་མི་བདེ་བ་སོགས་རྐྱེན་བྱས་ནས་དམག་སྦྱོང་ལ་ཞུགས་མི་ཐུབ་ཚེ། འབྲེལ་ཡོད་སྨན་ཁང་གི་བདེན་དཔང་མཁོ་སྤྲོད་བྱ་དགོས།
བཞི། ཡིད་འཇོག་དང་གཟབ་བྱའི་སྐོར།
1.སློབ་མ་གསར་བའི་འབྲེལ་ཡོད་འགྲོ་གྲོན་སློབ་བསྡུ་བརྡ་ཐོ་ལྟར་དངུལ་ཁང་དུ་སྤྲད་རྗེས་སློབ་འགོ་ཚུགས་ནས་མིང་ཐོ་འགོད་སྐབས་སྤྲད་ཡིག་ངེས་པར་དུ་འཛིན་བདག་ལ་སྤྲོད་དགོས།
2.སློབ་གྲོགས་སྐྱེས་པ་ཚོས་སྐྲ་རིང་བོ་འཇོག་པ་དང་། སྐྲ་མདོག་སྒྱུར་བ། ཚུལ་མིན་གྱི་ལྭ་བ་གོན་པ་སོགས་བྱེད་མི་ཉན།སློབ་གྲོགས་སྐྱེས་མ་ཚོས་རྒྱན་ཆ་འདོགས་པ་དང་།སེན་རྩི་བྱུགས་པ།སྐྲ་མདོག་སྒྱུར་བ། གདོང་ལ་ཡག་ལས་བྱེད་པ་སོགས་བྱ་མི་རུང་།
3.སིལ་ཏོག་དང་གོ་རེ་ལས་གཞན་དུ་ཆང་དང་། གད་སྙིགས་ཟས་རིགས། མཚོན་ཆ་སོགས་སློབ་གྲྭའི་ནང་དུ་ཁྱེར་ཡོང་མི་ཆོག
4.ཁ་པར་འཛིན་བདག་ལ་སྤྲད་དེ་གཅིག་གྱུར་གྱིས་དོ་དམ་བྱ་དགོས།
5.ལམ་སྐབས་ཀྱི་བདེ་འཇགས་ལ་ངེས་པར་དུ་གཟབ་གཟབ་བྱ་རོགས། གཞན་རང་ཉིད་ཀྱི་བུ་ཕྲུག་ལ་དྲ་རྒྱའི་མགོ་སྐོར་དང་། གང་བྱུང་དུ་ཆུ་ཁར་མི་འགྲོ་བ། སློབ་གྲོགས་བར་བརྙས་བཅོས་མི་བྱེད་པར་དགེ་རྒན་གྱི་ཁ་ལེན་ཚིག་བརྩི་བྱེད་དགོས་པའི་ཁ་ཏ་སློབ་གསོ་མང་དུ་བྱ་དགོས།
6.སློབ་གྲྭའི་སྐད་འཕྲིན་སྤྱི་སྟེགས་དང་འཛིན་གྲྭའི་ཚོགས་པར་དོ་སྣང་བྱས་ཏེ་བརྡ་ཐོ་དང་བཀོད་སྒྲིག་གསར་ཤོས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱ་དགོས།
མདོར་ན་ཁྱེད་ཀྱི་བུ་ཕྲུག་གི་མཐོ་འབྲིང་འཚོ་བར་སྔར་མེད་ཀྱི་བཀྲག་མདངས་ཤིག་སྣོན་ཞིང་། འབྱུང་འགྱུར་གྱི་ལམ་ཁ་ཡངས་པར་བསྐྱེད་ཆེད། དུས་ད་ནས་བཟུང་། ཉིད་ཀྱི་བུ་ཕྲུག་གི་འཚོ་བ་དང་སློབ་སྦྱོང་གང་ཅིའི་ཐད་དུ་ང་ཚོ་ཁྱིམ་སློབ་ཟུང་འབྲེལ་བྱ་རྒྱུའི་རེ་བ་ཞུའོ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པ་ནས།
སྤྱི་ལོ་2024ལོའི་ཟླ8པའི་ཚེས་28ཉིན།
尊敬的各位家长、亲爱的同学们:
你们好!
随着新学期的脚步日益临近,我们将在美丽的校园携手相逢,迎接奋发向上的新学期。为确保新学期开学工作的顺利进行,现将学校开学相关注意事项告知如下,还望各位家长与同学认真阅读,积极配合,提前做好准备工作。
1.开学时间安排
高二年级:8月31日上午08:30至11:30,
高一年级:9月1日上午8:30至12:00。
2.开学准备
(一)调整作息,保持积极向上的心态,为新学期的学习生活做好心理准备。
(二)请同学们对照假期作业任务清单,仔细检查各科作业完成情况,差缺补漏,确保假期作业的高质量完成。
(三)认真检查个人仪容仪表,严格按照学校规定整理发型,剪干净指甲。清洗干净校服,高二学生还需清洗个人床单、被罩等,收拾好文具、课本、等。
3.高一新生报到流程
(一)在校门口公布栏中查询自己所在的班级、班级示意图、缴费明细,持户口本、录取通知书、初中毕业证等到所在班级内找班主任报到。班主任提前建好家校联系群,组织家长入群,家长进群后修改群昵称。
(二)学生在班主任处领取三件套后到指定宿舍办理住校手续。
(三)学生报到后在教室内等待班主任。
(四)报到当天14:20在学术报告厅召开高一年级家长会,召开家长会期间所有学生在自己班级教室领取课本。
(五)学校将在9月2号开展高一学生军训及入学教育,学生统一穿校服军训,如因疾病或身体原因无法参加军训,需持医院开具的证明在年级组、教学管理处请假,无故不参加军训的按照旷课处理并录入学生综合素质评价。
4.注意事项
(一)高一新生相关费用请按照录取通知书指定银行缴纳,开学报名时将缴款单上交班主任处。
(二)新生入学仪容仪表要符合中学生要求。男生短发,女生不留刘海,不奇装异服,不佩戴首饰、佛珠,不染发不烫发。德育管理处统一在校门口检查,对不符合要求的学生,将不予进校报到。
(三)学生不得将管制刀具、零食、影碟机、游戏机、MP3、iPad、等与学习无关的电子产品及贵重物品带入学校。(少许水果与馍馍、糌粑可以带入校园)。
(四)学生的手机由班主任统一保管
(五)学生和家长来校往返途中要注意交通安全,不乘坐黑车,谨防电信网络诈骗,严禁学生路途当中私自下河游泳或进入营业性网吧玩游戏,杜绝一切安全事故的发生。
请时刻关注学校的微信公众号,查阅相关信息,并按“分班名单”扫码加入班级群,填写“高一新生报到信息采集”。
祝同学们一路平安!三高中期待与你相聚!
海南州第三民族高级中学
2024年8月28日