我校悦读社第七届读书分享活动

文摘   2024-10-21 11:46   青海  




















༄༅།།སྤྲོ་ཀློག་དོ་རའི་དཔེ་ཀློག་མྱོང་བཤད་བྱ་འགུལ་སྐབས་བདུན་པ།

       སྤྱི་ཟླ༡༠བའི་ཚེས་དྲུག་ཉིན་གྱི་ཉིན་གུང་གི་ཆར་སློབ་སྟོན་ཁང་གི་བཀོད་སྒྲིག་ལྟར་སྤྲོ་ཀློག་དོ་རའི་ལས་སྣེ་བ་དགེ་སློབ་ཉི་ཤུ་ལྷག་གིས་དུས་ཡུན་བདུན་ཕྲག་གཉིས་ཙམ་ལ་གྲ་སྒྲིག་དང་རྩ་འཛུགས་བྱས་མཐར། སློབ་གྲྭའི་དཔེ་གཟིགས་ཁང་དུ་དགེ་སློབ་སུམ་བརྒྱ་ལྷག་མཉམ་དུ་འདུས་ཏེ་སྐབས་བདུན་པའི་སྤྲོ་ཀློག་དོ་རའི་དཔེ་ཀློག་བྱ་འགུལ་འཆར་ཅན་དུ་སྤེལ། 

     ཐོག་མར་མདོ་འཛིན་པའི་སྙན་མོ་ངག་གི་ངོ་སྤྲོད་དང་བསྡོངས་ནས་དགེ་རྒན་ཧྥིན་ཁྲོན་ཡཱང་གར་སྟེགས་སུ་བུད་ནས༼ཕལ་བའི་འཇིག་རྟེན༽ཞེས་པའི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མྱོང་བའི་དངོས་ཡོད་རིང་ལུགས་ཀྱི་སྒྲུང་རིང་གྲགས་ཅན་གང་དེ་བཀླགས་པའི་མྱོང་བ་དག་དེར་འདུས་དགེ་སློབ་ཡོངས་ལ་མཉམ་སྤྱོད་ཞུས།

     དེ་ནས་ཐེངས་འདིའི་མཉམ་སྤྱོད་ཞུ་མཁན་མཐོ་གསུམ་དང་པོའི་སློབ་གྲོགས་ཤེས་རབ་ལྷ་མོ་ཡིས་ཇི་སྐད་དུ་ཨུ་རུ་སུའི་རྩོམ་པ་པོ་སོལ་སི་ཉི་ཆེན་གྱིས། “དུས་རྟག་ཏུ་ལོ་རྒྱུས་ཁོ་ནར་ཅེར་ནས་བསྡད་ན་ཁྱོད་ཀྱི་མིག་ཡ་གཅིག་ལ་གནོད་སྐྱོན་ཐེབས་སྲིད་མོད། འོན་ཀྱང་ལོ་རྒྱུས་བརྗེད་པར་གྱུར་ཚེ་ཁྱོད་ཀྱི་མིག་གཉིས་ཀ་ལོང་བར་འགྱུར་སྲིད།”ཅེས་པ་བཞིན༼ བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ༽བཀླགས་པའི་མྱོང་བ་དག་ཞིབ་ཅིང་གསལ་བའི་ཟིན་བྲིས་དང་སྦྱར་ནས་སྒྲོག་བཤད་ཁ་གསལ་བྱས།

   དེའི་འཕྲོར་མཐོ་གཉིས་བདུན་པའི་སློབ་གྲོགས་རྣམ་ཐར་སྐྱིད་ཀྱིས༼་ The Fisherman and His Soul ༽ཞེས་པའི་དབྱིན་ཡིག་གི་དེབ་བཀླགས་པའི་མྱོང་ཚོར་དག་དབྱིན་སྐད་ཀྱི་ལམ་ནས་སྒྲོག་བཤད་བྱས།

      དེར་མཐུད་ནས་མཐོ་གཉིས་དང་པོའི་སློབ་གྲོགས་སྐལ་བཟང་ལྷ་མོས་རྒྱའི་སྒྲུང་གཏམ་པ་གྲགས་ཅན་ཡུས་ཧྭའི(余华)བརྩམས་ཆོས་གྲགས་ཅན《活着》༼ གསོན་པོར་གནས་པ༽ཞེས་པ་བཀླགས་པའི་མྱོང་ཚོར་རྒྱ་སྐད་ཀྱི་ལམ་ནས་མཉམ་སྤྱོད་ཞུས།

      དེའི་འཕྲོར་མཐུད་ནས་མཐོ་གཉིས་ལྔ་བའི་སློབ་གྲོགས་ཀུན་བཟང་ལྷ་མོས་བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་སྟག་འབུམ་རྒྱལ་གྱི་སྒྲུང་ཐུང་དེབ༼མཐའ་མཇུག་གི་སྦྲ་ནག ༽ཅེས་པ་ལས་༼ དབང་འགྲུབ་དང་ཕ་རྒན ༽ཞེས་པ་བཀླགས་པའི་མྱོང་ཚོར་མཉམ་སྤྱོད་ཞུས།

    མཉམ་སྤྱོད་རྫོགས་པ་ན། དཔེ་ཀློག་དོ་རའི་དགེ་རྒན་ཤ་བོ་མཆོད་རྟེན་ལགས་ཀྱིས་སྤྱི་སྡོམ་གྱིས་ཚུལ་དུ་དཔེ་ཀློག་མྱོང་བཤད་རེ་རེ་ལ་ཁོང་གི་བསམ་ཚུལ་མཉམ་བསྒྲགས་ཀྱིས་ཡར་སྐུལ་གྱི་དཔྱད་བརྗོད་སྤེལ་ཞིང་། སློབ་མ་ཞིག་ཡིན་ན། ངེས་པར་དཔེ་ཀློག་ལ་གོམས་དགོས་པའི་བསླབ་བྱའང་ཞོར་དུ་གནང་། 

མཇུག་མཐར།སློབ་སྟོན་ཁང་གི་ཀྲུའུ་རིན་བན་དེ་ཚེ་རིང་རྒྱལ་དང་ཀྲུུའ་རིན་དཔལ་ལྡན་གཉིས་ནས་ཐེངས་འདིའི་དཔེ་ཀློག་དོ་རར་ཞུགས་པའི་དགེ་སློབ་ཕུལ་བྱུང་ཅན་དག་ལ་གཟེངས་རྟགས་ཕུལ་ནས་བདེ་ལེགས་ངང་མཇུག་བསྡུས་པ་ཡིན། 




















海南州第三民族高级中学
海南州第三民族高级中学是在海南州委、州政府的直接领导下,为了满足海南州农牧民子女上高中的需求,于2014年新建的一所民族高中。
 最新文章