ནུས་མེད་ཀྱི་ངལ་རྩོལ་གན་རྒྱ།

文摘   2024-11-12 08:03   西藏  
ནུས་མེད་ཀྱི་ངལ་རྩོལ་གན་རྒྱ།

《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན26པའི་གཏན་འཁེལ་ལྟར་ན། གཤམ་གྱི་ངལ་རྩོལ་གན་རྒྱར་ནུས་པ་མེད་པའམ་ཁག་གཅིག་ལ་ནུས་པ་མེད་པ་སྟེ།
(གཅིག) མགོ་གཡོག་མགོ་སྐོར་དང་བཙན་ཤེད་ཀྱི་བྱེད་ཐབས་སམ་ཕ་རོལ་པ་ཉེན་ཁར་འཕྲད་པའི་སྐབས་དང་བསྟུན་ནས་བསམ་འདུན་ངོ་མ་དང་འགལ་བའི་གནས་ཚུལ་འོག ངལ་རྩོལ་གན་རྒྱ་འཇོག་པ།
(གཉིས) མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་རང་ཉིད་ཀྱི་ཁྲིམས་བཀོད་འགན་འཁྲི་མེད་པར་བཟོས་པ་དང་ངལ་རྩོལ་པའི་ཁེ་དབང་མེད་པར་བཟོས་པའི་རིགས།
(གསུམ) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་བཙན་ཤེད་རང་བཞིན་གྱི་གཏན་འཁེལ་དང་འགལ་བའི་རིགས།
ངལ་རྩོལ་གྱི་གན་རྒྱར་ནུས་པ་མེད་པའམ་ཆ་ཤས་ནུས་པ་མེད་པའི་ཐད་རྩོད་གླེང་བྱུང་ན། ངལ་རྩོལ་རྩོད་གླེང་འདུམ་གཅོད་སྡེ་ཁག་གམ་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་གཏན་འཁེལ་བྱ་རྒྱུ།
མཁའ་འབུམ་རྒྱལ་གྱིས་བསྒྱུར།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章