གཅེས་ཉར་ཁྱིས་འགྲིམ་འགྲུལ་དོན་རྐྱེན་བཟོས་ན་འགན་སུས་འཁུར་དགོས།

文摘   2024-11-10 08:02   西藏  

གཅེས་ཉར་ཁྱིས་འགྲིམ་འགྲུལ་དོན་རྐྱེན་བཟོས་ན་འགན་སུས་འཁུར་དགོས།


རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1245པའི་གཏན་འཁེལ་ལྟར་ན། གཅེས་ཉར་སྲོག་ཆགས་ཀྱིས་གཞན་ལ་གནོད་སྐྱོན་བཟོས་ན། སྲོག་ཆགས་གསོ་མཁན་ནམ་དོ་དམ་མཁན་གྱིས་དབང་གནོད་འགན་འཁྲི་འཁུར་དགོས། འོན་ཀྱང་། གནོད་སྐྱོན་དེ་ནི་གནོད་འཚེ་ཕོག་མཁན་གྱིས་བསམ་བཞིན་དུ་བཟོས་པའམ་ལས་འཛོལ་ཚབས་ཆེན་བྱུང་བའི་དབང་གིས་བཟོས་པ་ར་སྤྲོད་བྱེད་ཐུབ་ན། འགན་འཁྲི་འཁུར་མི་དགོས་པའམ་ཡང་ན་ཁག་འགན་ཇེ་ཡང་དུ་བཏང་ཆོག

དོན་ཚན1246པའི་གཏན་འཁེལ་ལྟར་ན། དོ་དམ་གྱི་གཏན་འཁེལ་དང་འགལ་ནས་སྲོག་ཆགས་ལ་བདེ་སྲུང་བྱེད་ཐབས་མ་སྤྱད་པར་གཞན་ལ་གནོད་སྐྱོན་བཟོས་ན། སྲོག་ཆགས་གསོ་མཁན་ནམ་དོ་དམ་མཁན་གྱིས་དབང་གནོད་འགན་འཁྲི་འཁུར་དགོས། འོན་ཀྱང་། གནོད་སྐྱོན་ནི་གནོད་འཚེ་ཕོག་མཁན་གྱིས་བསམ་བཞིན་དུ་བཟོས་པ་ར་སྤྲོད་བྱེད་ཐུབ་ན་ཁག་འགན་ཇེ་ཡང་དུ་བཏང་ཆོག་ཅེས་བཀོད་ཡོད།

མཁའ་འབུམ་རྒྱལ་གྱིས་བསྒྱུར།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章