སྨན་རིན་རྩིས་ཞུ་བྱེད་ཆོག་པ་གང་དག་ཡོད་པ་ཤེས་སམ།

政务   2024-10-30 19:16   西藏  






སྨན་བཅོས་རིན་པ་གང་དག་རྩིས་ཞུ་བྱེད་ཆོག་པ་ཁྱེད་ཀྱིས་ཤེས་སམ།


     རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་སུ་དཀར་ཆག་དོ་དམ་ལག་བསྟར་བྱེད་པ་ཡིན་ཞིང་། དཀར་ཆག་ནང་གི་སྨན་བཅོས་འགྲོ་གྲོན་གཏན་འབེབས་གཞིར་བཟུང་སྨན་བཅོས་འགན་བཅོལ་ཐེབས་རྩ་དང་ནད་པ་མི་སྒེར་གྱིས་བསྡུར་ཚད་ལྟར་ཁག་སོ་སོར་འགན་འཁུར་དགོས། དཀར་ཆག་ནང་མ་ཚུད་པའི་སྨན་བཅོས་འགྲོ་གྲོན་དེ་དག་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ནས་གཅིག་ཀྱང་རྩིས་ཞུ་བྱེད་ཀྱི་མེད། 



སྨན་བཅོས་རིན་པ་གང་དག་སྨན་བཅོས་འགན་སྲུང་གི་རྩིས་ཞུའི་ནང་ཚུད་མེད།



      སྤྱི་ཚོགས་ཀྱི་འགན་བཅོལ་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཐོབ་ཐང་གི་གསལ་ཐོའི་ལམ་ལུགས་ཀྱི་གཏན་འབེབས་གཞིར་བཟུང་། སྨན་བཅོས་འགན་བཅོལ་ཐེབས་རྩ་ནས་གཏོང་སྤྲོད་མི་བྱེད་པའི་ཁྱབ་ཁོངས་ལ་གཤམ་གསལ་གྱི་གནས་ཚུལ་ཚུད་ཡོད་པ་སྟེ།

1.ལས་རྨས་འགན་བཅོལ་ཐེབས་རྩའི་ཁྲོད་ནས་གཏོང་སྤྲོད་བྱ་དགོས་རིགས།  

2.ཕྱོགས་གསུམ་པས་གཏོང་འགན་འཁུར་དགོས་རིགས། 

3.སྤྱི་པའི་འཕྲོད་བསྟེན་གྱིས་འགན་འཁུར་དགོས་རིགས། 

4.རྒྱལ་ཁོངས་ཕྱི་རོལ་དུ་སྨན་བཅོས་བྱས་རིགས། 

5.ལུས་རྩལ་ལུས་སྦྱོང་དང་ལུས་གསོ་བདེ་སྲུང་གི་འཛད་སྤྱོད། ལུས་ཁམས་བདེ་ཐང་གི་བརྟག་དཔྱད་བཅས་ཀྱི་རིགས། 

6.རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩས་གཏོང་སྤྲོད་བྱེད་མི་ཆོག་པའི་གྲོན་དངུལ་གཞན་དག



རྒྱལ་ཁབ་སྨན་བཅོས་འགན་ལེན་གྱི་སྨན་རྫས་དཀར་ཆགས་དེ་ག་ནས་འཚོལ་བཤེར་ཐུབ་བམ།


རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱོད་སྣེའི་བྱ་རིམ་ཆུང་ངུར་ཞུགས་དགོས

རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱིས་མཁོ་འདོན་བྱས་པའི

རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དང་སྨན་རྫས་ཀྱི་དཀར་ཆག་རྩད་བཤེརཞེས་པའི་ཞབས་ཞུའི་བཀོལ་སྤྱོད་སྟབས་བདེ་པོ་ཡོད་པ་སྟེ

རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆགས་འདྲི་རྩད་ཞེས་པ་གནོན་དགོས།


  ཁྱེད་རང་གིས་སྨན་རྫས་ཀྱི་སྤྱི་སྤྱོད་མིང་བླུགས་ནས་མནན་ཏེ་འཚོལ་བཤེར་བྱས་ན། སྨན་རྫས་དེའི་འགྲོ་སོང་རྩིས་ཞུའི་རིགས་དབྱེ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་ཐུབ། 



  དེ་མིན་རང་གི་དགོས་མཁོར་གཞིགས་ནས་སྨན་རྫས་ཀྱི་རིགས་ཚགས་བཤེར་བྱས་ན་ཡང་འགྲིག  སྨན་མ་ཉོ་གོང་ནས་བཤེར་ན་སེམས་ནང་གདེང་ཚོད་ཡོང་ངེས། 



  སྟབས་བདེ་པོའི་སྒོ་ནས་སྨན་པ་བསྟེན་ཏེ་སྨན་བཅོས་བྱེད་འདོད་དམ། ཁྱེད་ཀྱིས་ད་དུང་སྨན་བཅོས་འགན་བཅོལ་གྱི་ཨང་རྟགས་(སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་)ལེན་ན་འགྲིག  ཨང་རྟགས་གཅིག་གིས་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་ཚང་མ་གཉེར་ཆོག

འགན་བཅོལ་ནང་ཞུགས་མཁན་གྱིས་ཨང་ཐོ་འགོད་པ་དང་སྨན་རིན་སྤྲོད་པ། ནད་ཁང་དུ་སྡོད་པའི་ཐོ་འགོད། ནད་ཁང་ནས་དོན་པའི་མཇུག་རྩིས། སྨན་རྫས་ཚོང་ཁང་ནས་སྨན་ཉོ་བ་བཅས་བྱེད་སྐབས། སྨན་ཁང་ངམ་ཡང་ན་སྨན་རྫས་ཚོང་ཁང་ལ་སྨན་བཅོས་འགན་བཅོལ་ཨང་རྟགས་

(སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་)ནང་གི་རྩ་གཉིས་ཨང་རྟགས་བསྟན་ནས་འགྲོ་ལུགས་གཉེར་དགོས།

སྨན་བཅོས་འགན་བཅོལ་གྱི་ཨང་རྟགས་(སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་)ནང་ནས་ད་དུང་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་ཁང་དང་གནས་གཏན་འཁེལ་གྱི་སྨན་རྫས་ཚོང་ཁང་། སྨན་བཅོས་འགན་བཅོལ་ལས་སྒོ་གཉེར་སྒྲུབ་སྒྲིག་གཞི་སོགས་འདྲི་རྩད་བྱེད་ཆོག

ད་དུང་སྨན་བཅོས་འགན་བཅོལ་ཨང་རྟགས་དེ་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་སྤྱོད་པ་དང་ས་ཁོངས་བརྒལ་ནས་ཁས་ལེན་དཔང་འདོན་བྱེད་ཀྱི་ཡོད་པས། འགན་བཅོལ་ནང་ཞུགས་མཁན་གྱིས་ཨང་རྟགས་དེ་སྤྱད་དེ་རྒྱལ་ཡོངས་སུ་འབྲེལ་ཡོད་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་གཉེར་ཆོག་གི་ཡོད།

གཤམ་གསལ་གྱི་པར་རིས་ལྟར་མནན་ནས།

ཁྱེད་ཀྱི་སྨན་བཅོས་འགན་བཅོལ་ཨང་རྟགས་ལེན་དང་།

སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་ཞབས་ཞུ་དེ་བས་

མང་བ་ཁྱེད་རང་གིས་ཤེས་ཐུབ།

བསྐྱར་ཞུས། རྒྱལ་མཚན།

ཞུ་དག  ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།

ཡིག་སྒྱུར། བཀྲ་ཤིས་ཚེ་རིང་།

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

ཡོང་ཁུངས། ཀྲུང་གོ་ཚན་རིག་ཁྱབ་གདལ།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།





青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章