གནོད་འཚེ་དང་རྒྱལ་ཐག་མཚམས་གཅོད་གི་དུས་འབབ་ཁྲོད་གཅུང་ལགས་ཉིན་གསུམ་དང་མཚན་གསུམ་གྱི་མིག་མ་ཟུམ་པར་ཐོག་མཐའ་བར་གསུམ་དུ་གེགས་སེལ་གྱི་འཐབ་ས་བརྟན་སྲུང་བྱས་ཡོད། དུས་ཡུན་རིང་པོ་ཞིག་གི་དཀའ་སྤྱད་འོག་ཁོང་གི་ལུས་པོས་སྡུག་སྲན་ཐེག་ཐབས་བྲལ་བར་མཐར་གྲོང་མིར་རྣམས་ལ་ལྕགས་ཐབ་སྤྲོད་སོགས་དངོས་ཟོག་སྤྲོད་སྐབས་སྟབས་མ་ལེགས་པར་ལུས་ཤུགས་ཟད་ནས་ས་ལ་འགྱེལ། ས་ཡུལ་དངོས་ཀྱི་མང་ཚོགས་དང་ལས་དོན་མི་སྣས་གནས་ཚུལ་དེ་མཐོང་ནས་ཁོང་མྱུར་དུ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་པ་རེད། སྨན་དོན་མི་སྣས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་པ་བརྒྱུད། མིག་སྔར་ཁོང་གི་ནད་གཞི་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་ཡོད།
来 源:拉孜特别报道组
编 辑、翻译(初审):尼玛普赤
复 审:顿珠、巴 洛
终 审:欧 珠
扫码关注微信、抖音