སྒྲོལ་མའི་དུས་ཆེན། དགའ་ལྡན་ལྔ་མཆོད། ཁྱེད་ཉིད་དྲན། 度母吉日+燃灯节+追念您

美体   其他   2024-12-25 05:59   四川  

དེ་རིང་ནི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་དགེ་སྡུག་ས་ཡ་འབུམ་དུ་འགྱུར་བའི་མཁའ་འགྲོ་འབུམ་ཕྲག་གི་དུས་ཆེན་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའ་ཆེན་མོའི་སྲོལ་བཏོད་པ་པོ། སློབ་དཔོན་ཆེན་པོ་དང་རྫེ་བཙུན་འཇམ་པའི་མགོན་པོ་གཉིས་བསམ་བཞིན་དུ་མི་ཡི་གཟུགས་སུ་རོལ་བ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཚེ་ཁྱད་པར་ཅན་ཡིན་ནོ།།


今天藏历十月二十五日(12月25日)不只是善恶变动千万倍的空行母百万殊胜吉祥日,也是莲花生大师和文殊菩萨融入之身格鲁派创始人宗喀巴大师(1357—1419)的圆寂纪念日。



དེ་རུ་མགོན་པོ་མཆོག་ལ་གདུང་བའི་རྗེས་དྲན་དང་མཆོད་པའི་ཚོགས་རྫོགས་ཕྱིར་རྗེས་འཇུག་དག་གིས་དགེ་སྒྲུབ་སྡིག་སྤོང་གི་སྒོ་ནས་མཆོད་པ་སྣ་ཚོགས་ཀྱིས་བརྒྱན་ཏེའམ་ཁྱད་པར་དུ་མར་མེའི་མཆོད་པ་འདི་ལ་བརྟེན་པས་བོད་པའི་མར་མེའི་དུས་ཆེན་ཞེས་ཕྱོགས་བཅུ་ཐ་གྲུ་ཀུན་ཏུ་གྲགས་པ་ལགས་སོ།།


这一天为了纪念大师,为了福慧圆满,弟子们会供八吉祥、曼扎、供水等断恶行善。特别是供灯,为此众所周知的燃灯节传遍十方。



མདོར་ན་རྗེ་རིན་པོ་ཆེ་ནི་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ། སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཡུལ་ཏེ། དགེ་ལུགས་པ་རྐྱང་བའི་བླ་མ་ཙམ་མིན་པར་ཉི་འོད་བཞིན་གདུལ་བྱ་སོ་སོའི་ངོར་དུ་ཤར་བས་ཕྲིན་ལས་ཀྱིས་མ་ཁྱབ་མེད་དོ།།


总之宗喀巴大师是所有诸佛菩萨的根本,一切众生的怙主,并非只属于格鲁派。他就像阳光一般,他的慈悲普照在所有众生的内心。


བསྙེན་པ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། 

心咒:嗡达热 德达热 德热娑哈

ཡེ་ཤེས་དྲི་མེད། by 益西智麦

གསོལ་འདེབས། 祈祷文

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།

米昧则维叠钦坚仁塞

(无 缘 悲 藏 观 世 音)

དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།།

智美钦毕汪波降比央

(无 垢 智 王 妙 吉 祥 )

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།

堆部玛律江则桑围达

(镇 伏 群 魔 秘 密 主 )

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།

冈津剋比邹晋宗喀巴

(雪 山 顶 严 宗 喀 巴 )

བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

洛桑扎比肖拉索瓦叠

(善 慧 称 前 诚 祈 请)


益西智麦
人不因出生而尊贵,而是因行为而尊贵。
 最新文章