五谷丰登 | ལོ་ཡག

政务   2024-08-15 20:43   西藏  

歌曲:五谷丰登

演出:工布江达县错高乡结巴村

《五谷丰登》这是一首歌颂家乡和周边各地区丰富物产的赞歌。歌词中先是以车轮、彩虹和莲花作喻,描述了天地人间三处的吉祥氛围 ;而后分别唱颂了天竺的佛法、内地的历算、尼泊尔的翡翠珊瑚等宝贝、藏地的米面粮食作物以及工布地区的宝马良驹等各地的特色物产,呈现了美好丰富的生活图景和一片欣欣向荣的景象。

གླུ་གཞས། ལོ་ཡག

འཁྲབ་ལེན། ཀོང་པོ་རྒྱ་མདའ་རྫོང་མཚོ་འགོ་ཤང་རྗེ་པ་གྲོང་ཚོ།

འོ་ལ་བར་དེ་གཅིག་བསྭོ།

འོ་ལ་བར་དེ་གཉིས་བསྭོ།

གནམ་འདི་ཚོ་མ་འགྱུར།

འཁོར་ལོ་རྩིབས་བརྒྱད་འདྲ་བཞུགས།

འོ་འོ་དགའ་བ་གཅིག་འོ་འོ་སྐྱིད་པ་གཉིས།

འཇག་རྣམ་པ་ཚོའོ་ལོ་དུས་ཀྱི་མཆོད་པ་རེ་ཕུལ།

འོ་ལ་བར་དེ་གཅིག་བསྭོ།

འོ་ལ་བར་གཉིས་བསྭོ།

བར་འདི་ཚོ་མི་འགྱུར།

འཇའ་ཚོན་སྣ་ལྔ་འདྲ་བཞུགས།

འོ་འོ་དགའ་བ་གཅིག་འོ་འོ་སྐྱིད་པ་གཉིས།

འཇག་རྣམ་པ་ཚོའོ་ལོ་དུས་ཀྱི་མཆོད་པ་རེ་ཕུལ།

འོ་ལ་བོ་ར་དེ་གཅིག་བསྭོ།

འོ་ལ་བོ་ར་གཉིས་བསྭོ།

ས་འདི་ཚོ་མི་འགྱུར།

པདྨ་འདབ་བརྒྱད་འདྲ་བཞུགས།

འོ་འོ་དགའ་བ་གཅིག་འོ་འོ་སྐྱིད་པ་གཉིས།

འཇག་རྣམ་པ་ཚོའོ་ལོ་དུས་ཀྱི་མཆོད་པ་རེ་ཕུལ།

རྒྱ་ལ་གར་གཞུང་ཤས་ཡག་དྲག

རྒྱ་ལ་གར་རྒྱལ་པོ་ཕྱོགས་ནས་གཡང་སུ་ལེན།

དམ་ལ་ཆོས་པོ་ཏི་མཆོག་ནས་གཡང་སུ་ཁུག་ལ་པ་ཡག་དྲག

འོ་ལོ་ཡག་འོ་ལོ་ཡག་ལོ་ལྗང་པ་ལོག་ཤོག

རྒྱ་ལ་ནག་གཞུང་ཤས་ཡག་དྲག

རྒྱ་ལ་ནག་རྒྱལ་པོ་ཕྱོགས་ནས་གཡང་སུ་ལེན།

རྩིས་ལ་གཞུང་ཁྲ་མོ་མཆོག་ནས་གཡང་སུ་ཁུག་ལ་པ་ཡག་དྲག

འོ་ལོ་ཡག་འོ་ལོ་ཡག་ལོ་ལྗང་པ་ལོག་ཤོག

བལ་ལ་ཡུལ་གཞུང་ཤས་ཡག་དྲག

བལ་ལ་ཡུལ་རྒྱལ་པོ་ཕྱོགས་ནས་གཡང་སུ་ལེན།

གཡུ་ལ་དང་བྱུ་རུ་མཆོག་ནས་གཡང་སུ་ཁུག་ལ་པ་ཡག་དྲག

འོ་ལོ་ཡག་འོ་ལོ་ཡག་ལོ་ལྗང་པ་ལོག་ཤོག

བོད་ལ་ཡུལ་གཞུང་ཤས་ཡག་དྲག

བོད་ལ་ཡུལ་རྒྱལ་པོ་ཕྱོགས་ནས་གཡང་སུ་ལེན།

དཀར་ལ་མོ་འབྲས་འབྲུ་མཆོག་ནས་གཡང་སུ་ཁུག་ལ་པ་ཡག་དྲག

འོ་ལོ་ཡག་འོ་ལོ་ཡག་ལོ་ལྗང་པ་ལོག་ཤོག

ཀོང་ལ་ཡུལ་གཞུང་ཤས་ཡག་དྲག

ཨ་ལ་རྒྱལ་རྒྱལ་པོ་ཕྱོགས་ནས་གཡང་སུ་ལེན།

དཔའ་ལ་རྩལ་བུ་རྟ་མཆོག་ནས་གཡང་སུ་ཁུག་ལ་པ་ཡག་དྲག

འོ་ལོ་ཡག་འོ་ལོ་ཡག་ལོ་ལྗང་པ་ལོག་ཤོག  

审核 |  洛桑次旦 

编辑 |  扎囊·欧珠罗布 

          东日·扎西达杰  

主办 | 工布江达县文化和旅游局

图文及视频 | 图文及视频版权归原作者所有

工布江达文旅
西藏工布江达县文化和旅游局官方账号
 最新文章