演出:工布江达县朱拉乡崩嘎村
གླུ་གཞས། ཆང་སིལ་མ་མཉམ་དུ་ཨེ་འཐུང་།
འཁྲབ་ལེན། ཀོང་པོ་རྒྱ་མདའ་རྫོང་འབྲུ་ལ་ཤང་དཔུང་དཀར་གྲོང་ཚོ།
ཁྱེད་རྣམ་པ་ཨ་སྔོན་གྱི་མཐོན་པོ།
ངེད་རྣམ་པ་ཉི་ཟླ་ཡི་སྐར་གསུམ།
འཛོམས་བསམ་པ་ཡིད་ལ་ནི་མེད་དེ།
སེམས་བསམ་པའི་རྒྱུད་ནས་ལ་འཛོམས་བྱུང་།
ཉམས་དགའ་བའི་བྲོ་ཞིག་ལ་ཨེ་འཁྲབ།
ཆང་སིལ་མ་མཉམ་དུ་ལ་ཨེ་འཐུང་།
ཁྱེད་རྣམ་པ་གངས་སྟོད་ཀྱི་མཐོན་པོ།
ངེད་རྣམ་པ་སེང་ལྕམ་གྱི་དཀར་མོ།
འཛོམས་བསམ་པ་ཡིད་ལ་ནི་མེད་དེ།
སེམས་བསམ་པའི་རྒྱུད་ནས་ལ་འཛོམས་བྱུང་།
ཉམས་དགའ་བའི་བྲོ་ཞིག་ལ་ཨེ་འཁྲབ།
ཆང་སིལ་མ་མཉམ་དུ་ལ་ཨེ་འཐུང་།
ཁྱེད་རྣམ་པ་སྤང་སྟོད་ཀྱི་མཐོན་པོ།
ངེད་རྣམ་པ་ཤྭ་བ་ཡི་སྨུག་ཆུང་།
འཛོམས་བསམ་པ་ཡིད་ལ་ནི་མེད་དེ།
སེམས་བསམ་པའི་རྒྱུད་ནས་ལ་འཛོམས་བྱུང་།
ཉམས་དགའ་བའི་བྲོ་ཞིག་ལ་ཨེ་འཁྲབ།
ཆང་སིལ་མ་མཉམ་དུ་ལ་ཨེ་འཐུང་།
审核 | 洛桑次旦
编辑 | 扎囊·欧珠罗布
东日·扎西达杰
主办 | 工布江达县文化和旅游局
图文及视频 | 图文及视频版权归原作者所有