德木恰嘎山 | དེ་མོ་ཆབ་དཀར་རི།

政务   2024-08-11 21:39   西藏  

歌曲:德木恰嘎山

演出:工布江达县仲莎乡麦巴村

《德木恰嘎山》这是一首歌颂家乡神山“迪穆恰嘎日”的歌曲,通过传统藏族文学中既具典型性的金、银、翡翠、铜等四种宝贝的意象,分别赋予了神山尊贵的象征属性,寄托了人们对于迪穆恰嘎日神山的美好愿望和嘱托。

གླུ་གཞས། དེ་མོ་ཆབ་དཀར་རི།

འཁྲབ་ལེན། ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་སྨད་པ་གྲོང་ཚོ།

དེ་མོ་ཆབ་དཀར་རི་དང་ཆབ་ནག་རི་ལ།

དེ་མོ་ཆབ་དཀར་རི་དེ་ལ་གསེར་གྱི་རི་ལ་སེ།

ཤིང་དེ་ཡར་སྐྱེས་རྣམས་ཚོ་གསེར་ཤིང་རེད་ལ།

བྱ་ལ་མར་བབས་རྣམས་ཚོ་གསེར་བྱ་རེད་ལ་སེ།

གསེར་བྱ་བསྡད་མི་མ་རེད་འགྲོ་མི་རེད་ལ།

གསེར་བྱ་འགྲོ་བའི་དུས་སུ་སེམས་རྟེན་བཞག་ལ་སེ།

སེམས་རྟེན་ཡག་མོ་གསེར་གྱི་ལ་པ་ཊ་བཞག་ལ་སེ།

དེ་མོ་ཆབ་དཀར་རི་དང་ཆབ་ནག་རི་ལ།

དེ་མོ་ཆབ་ནག་རི་དེ་ལ་གངུལ་གྱི་རི་ལ་སེ།

ཤིང་དེ་ཡར་སྐྱེས་རྣམས་ཚོ་དངུལ་ཤིང་རེད་ལ།

བྱ་ལ་མར་བབས་རྣམས་ཚོ་དངུལ་བྱ་རེད་ལ་སེ།

དངུལ་བྱ་བསྡད་མི་མ་རེད་འགྲོ་མི་རེད་ལ།

དངུལ་བྱ་འགྲོ་བའི་དུས་སུ་སེམས་རྟེན་བཞག་ལ་སེ།

སེམས་རྟེན་ཡག་མོ་དངུལ་གྱི་པ་ཊ་བཞག་ལ་སེ།

དེ་མོ་ཆབ་དཀར་རི་དང་ཆབ་ནག་རི་ལ།

དེ་མོ་ཆབ་དཀར་རི་དེ་ལ་གཡུ་ཡི་རི་ལ་སེ།

ཤིང་དེ་ཡར་སྐྱེས་རྣམས་ཚོ་གཡུ་ཤིང་རེད་ལ།

བྱ་ལ་མར་བབས་རྣམས་ཚོ་གཡུ་བྱ་རེད་ལ་སེ།

གཡུ་བྱ་བསྡད་མི་མ་རེད་འགྲོ་མི་རེད་ལ།

གཡུ་བྱ་འགྲོ་བའི་དུས་སུ་སེམས་རྟེན་བཞག་ལ་སེ།

སེམས་རྟེན་ཡག་མོ་གཡུ་ཡི་པ་ཊ་བཞག་ལ་སེ།

དེ་མོ་ཆབ་དཀར་རི་དང་ཆབ་ནག་རི་ལ།

དེ་མོ་ཆབ་ནག་རི་དེ་ལ་དུང་གི་རི་ལ་སེ།

ཤིང་དེ་ཡར་སྐྱེས་རྣམས་ཚོ་དུང་ཤིང་རེད་ལ།

བྱ་ལ་མར་བབས་རྣམས་ཚོ་དུང་བྱ་རེད་ལ་སེ།

དུང་བྱ་བསྡད་མི་མ་རེད་འགྲོ་མི་རེད་ལ།

དུང་བྱ་འགྲོ་བའི་དུས་སུ་སེམས་རྟེན་བཞག་ལ་སེ།

སེམས་རྟེན་ཡག་མོ་དུང་གི་པ་ཊ་བཞག་ལ་སེ།

审核 |  洛桑次旦 

编辑 |  扎囊·欧珠罗布 

          东日·扎西达杰  

主办 | 工布江达县文化和旅游局

图文及视频 | 图文及视频版权归原作者所有



工布江达文旅
西藏工布江达县文化和旅游局官方账号
 最新文章