点击蓝字 关注我们
ཁག་དང་པོ། བྲག་གསུམ་མཚོའི་དགྱེས་འཛོམས།
第一期 相约巴松措
ཡོང་ས་མི་གཅིག་ཁ་ཁ་ཡིན་རུང་།། འཛོམས་ས་འཛོམས་ཡུལ་ཀོང་པོ་རྒྱ་མདའ།། བོད་མདོ་དབུས་ཁམས་གསུམ་ནས་ཐོན་པའི་གླིང་གའི་སྐུ་མགྲོན་རྣམ་དྲུག་ས་སྐྱིད་པོ་ཀོང་པོ་རྒྱ་མདའི་སྟག་ཆད་ལ་ཡི་ལ་འགོ་ནས་ལྷན་གཅིག་ཏུ་འཛོམས་ཏེ། ཐེངས་འདིའི་དགའ་སྤྲོའི་གླིང་གའི་རིག་གནས་ཡུལ་སྐོར་གྱི་འགྲུལ་བཞུད་དངོས་སུ་འགོ་ཚུགས་པ་རེད། གླིང་གའི་སྐུ་མགྲོན་རྣམ་དྲུག་གཡུ་ཡི་མཎྜལ་ཐང་ལ་བརྡལ་འདྲའི་ལྷ་མཚོ་བྲག་གསུམ་མཚོ་དང་ཤིང་མཚོ་སོགས་ལ་མཚོ་སྐོར་དུ་ཕྱིན་པ་མ་ཟད། བར་དུ་ཚོ་ཆུང་གསུམ་གྱི་ཀོ་གྲུ་འགྲན་སྡུར་ཛ་དྲག་ཅན་ཞིག་སྤེལ་ཞིང་། མཐའ་མར་རི་ཆུ་ནགས་གསུམ་འཛོམས་པའི་འབྲོག་ཐང་ཞིག་ནས་འཛོམས་ཏེ། ཕན་ཚུན་ལ་སྒྱུ་རྩལ་གྱི་གཏམ་རྒྱུད་གླེང་ཞོར། སྐབས་ཐོག་གི་སེམས་ཚོར་དྲག་པོ་སྙན་མོ་གླུ་ཡིས་མཚོན་པ་རེད།
༼དགའ་སྤྲོའི་གླིང་ག༽སྐབས་བདུན་པ་བསྡོམས་པས་ལེ་ཚན་ཁག་ལྔ་ཡིས་གྲུབ་ལ། གཟའ་འཁོར་རེར་ལེ་ཚན་གཅིག་རེ་གཟའ་སྤེན་པའི་ཉིན་ལ་ཁམས་པའི་བརྙན་འཕྲིན་དང་ཁམས་པའི་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་འདར་དབྱངས་དང་བརྙན་སྟེགས་སོགས་བརྒྱུད་ནས་གཏོང་བཞིན་ཡོད། སྐུ་ཉིད་ཀྱིས་དུས་ལྟར་དོ་ཁུར་དང་གསན་གཟིགས་གནང་བར་དགའ་བསུ་ཞུའོ།།