巴松三门 | བྲག་གསུམ་ལུང་པའི་སྒོ་གསུམ།

政务   2024-08-14 00:56   西藏  

歌曲:巴松三门

演出:工布江达县巴河镇拉如村

《巴松三门》这是一首描述巴松措地区历史渊源的歌曲,歌词中讲到此处有三门,分别是铁门、石门和天门,其中铁门是由伏藏师嘉村宁布守护,是星辰和粮食的来源 ;石门由格萨尔王守护,是羊毛和盐巴的来源 ;天门由太阳守护,是牦牛等牲畜的来源。整首歌表达了对于巴松措区域丰富物产的感恩,属于人类原始创世神话的美丽想象和传说。

གླུ་གཞས། བྲག་གསུམ་ཡུལ་གྱི་སྒོ་གསུམ་གྱི་བཤད་པ།

འཁྲབ་ལེན། ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་བླ་རི་གྲོང་ཚོ།

སོའོ། སྐྱིད་པོ་བྲག་གསུམ་ཡུལ་ལ་སྒོ་གསུམ་ཡོད།

སོའོ། སྒོ་དང་པོ་རྔོད་ཀྱི་ཨ་འཕང་༼འཕྲང་༽སྒོ།

སོའོ། རྔོད་ཨ་འཕང་༼འཕྲང་༽སྒོ་དེ་ལྕགས་ཀྱི་སྒོ།

སོའོ། གཞན་པ་སུ་དང་གང་ཡང་འགྲིམ་ས་ལ་མེད།

སོའོ། གཏེར་སྟོན་འཇའ་ཚོན་སྙིང་པོའི་གདམས་ངག་ཡོད།

སོའོ། སྐར་མ་འབྲས་འབྲུ་ཐོན་པའི་སྒོ་ཞིག་ཡིན།

སོའོ། སྒོ་མོ་གཉིས་པ་ལྕང་མགོ་རོང་ཟམ་སྒོ།

སོའོ། ལྕང་མགོ་རོང་ཟམ་སྒོ་དེ་བྲག་གི་སྒོ།

སོའོ། གཞན་པ་སུ་དང་གང་ཡང་འགྲིམ་ས་མེད།

སོའོ། སྒོ་མོ་ཕྱེ་མཁན་གེ་སར་རྒྱལ་པོ་ཡིན།

སོའོ། ལྷ་རྟ་རྐྱང་རྒོད་འཕེར་པོའི་ཞབས་རྗེས་ཡོད།

སོའོ། ནོར་ཚྭ་བལ་ཐོན་པའི་སྒོ་ཞིག་ཡིན།

སོའོ། སྒོ་མོ་གསུམ་པ་གནམ་ཕུ་གངས་ཀྱི་སྒོ།

སོའོ། གཞན་པ་སུ་དང་གང་ཡང་འགྲིམ་ས་མེད།

སོའོ། གནམ་ཕུ་གཡག་ལྷ་རིན་ཆེན་གདམས་ངག་ཡོད།

སོའོ། སྒོ་མོ་ཕྱེ་མཁན་ཁྲི་གདུགས་ཉི་མ་ཡིན།

སོའོ། ནག་ཆུང་འབྲི་མོ་ཐོན་པའི་སྒོ་ཞིག་ཡིན།

པ་ཀྲ་བ།

审核 |  洛桑次旦 

编辑 |  扎囊·欧珠罗布 

          东日·扎西达杰  

主办 | 工布江达县文化和旅游局

图文及视频 | 图文及视频版权归原作者所有

工布江达文旅
西藏工布江达县文化和旅游局官方账号
 最新文章