演出:工布江达县朱拉乡波村
གླུ་གཞས། འཛོམས་བྲོ།
འཁྲབ་ལེན། ཀོང་པོ་རྒྱ་མདའ་རྫོང་འབྲུ་ལ་ཤང་གོ་གྲོང་ཚོ།
ཨ་འཛོམས་ཤོ་སྔོན་མཐོན་པོ་མར་མརག་སོའོ་ཡ་ལ།
ཉི་ཟླ་སྐར་གསུམ་ཡར་ཡར་འཛོམས་ཤོག་སོའོ་ཡ་ལ།
ན་ནིང་མ་འཛོམས་ས་ཐག་འགྱང་སོང་སོའོ་ཡ་ལ།
ད་ལོ་འཛོམས་པས་འཛོམས་བྲོ་བརྡུང་ཤོག་སོའོ་ཡ་ལ།
དཀར་དཀར་འཛོམས་པའི་ཁ་བཏགས་ཁུར་ཤོག་སོའོ་ཡ་ལ།
དར་སྣ་འཛོམས་པའི་སྨོན་ཚིག་ཁུར་ཤོག་སོའོ་ཡ་ལ།
གངས་སྟོད་མཐོན་པོ་མར་མར་འཛོམས་ཤོག་སོའོ་ཡ་ལ།
སེང་ལྕམ་དཀར་མོ་ཡར་ཡར་འཛོམས་ཤོག་སོའོ་ཡ་ལ།
ན་ནིང་མ་འཛོམས་ས་ཐག་འགྱང་སོང་སོའོ་ཡ་ལ།
ད་ལོ་འཛོམས་པས་འཛོམས་བྲོ་བརྡུང་ཤོག་སོའོ་ཡ་ལ།
དཀར་དཀར་འཛོམས་པའི་ཁ་བཏགས་ཁུར་ཤོག་སོའོ་ཡ་ལ།་
དར་སྣ་འཛོམས་པའི་སྨོན་ཚིག་ཁུར་ཤོག་སོའོ་ཡ་ལ།
སྤང་སྟོད་མཐོན་པོ་མར་མར་འཛོམས་ཤོག་སོའོ་ཡ་ལ།
ཤྭ་བ་སྨུག་ཆུང་ཡར་ཡར་འཛོམས་ཤོག་སོའོ་ཡ་ལ།
ན་ནིང་མ་འཛོམས་ས་ཐག་འགྱང་སོང་སོའོ་ཡ་ལ།
ད་ལོ་འཛོམས་པས་འཛོམས་བྲོ་བརྡུང་ཤོག་སོའོ་ཡ་ལ།
དཀར་དཀར་འཛོམས་པའི་ཁ་བཏགས་ཁུར་ཤོག་སོའོ་ཡ་ལ།
དར་སྣ་འཛོམས་པའི་སྨན་ཚིག་ཁུར་ཤོག་སོའོ་ཡ་ལ།
མཚོ་སྟོད་མཐོན་པོ་མར་མར་འཛོམས་ཤོག་སོའོ་ཡ་ལ།
ཉ་ཆུང་གསེར་གཤོག་ཡར་ཡར་འཛོམས་ཤོག་སོའོ་ཡ་ལ།
ན་ནིང་མ་འཛོམས་ས་ཐག་འགྱང་སོང་སོའོ་ཡ་ལ།
ད་ལོ་འཛོམས་པས་འཛོམས་བྲོ་བརྡུང་ཤོག་སོའོ་ཡ་ལ།
དཀར་དཀར་འཛོམས་པའི་ཁ་བཏགས་ཁུར་ཤོག་སོའོ་ཡ་ལ།
དར་སྣ་འཛོམས་པའི་སྨོན་ཚིག་ཁུར་ཤོག་སོའོ་ཡ་ལ།
བྲག་སྟོད་མཐོན་པོ་མར་མར་འཛོམས་ཤོག་སོའོ་ཡ་ལ།
བྲོ་པ་རྣམ་པ་ཡར་ཡར་འཛོམས་ཤོག་སོའོ་ཡ་ལ།
ན་ནིང་མ་འཛོམས་ས་ཐག་འགྱང་སོང་སོའོ་ཡ་ལ།
ད་ལོ་འཛོམས་པས་འཛོམས་བྲོ་བརྡུང་ཤོག་སོའོ་ཡ་ལ།
དཀར་དཀར་འཛོམས་པའི་ཁ་བཏགས་ཁུར་ཤོག་སོའོ་ཡ་ལ།
དར་སྣ་འཛོམས་པའི་སྨོན་ཚིག་ཁུར་ཤོག་སོའོ་ཡ་ལ།
审核 | 洛桑次旦
编辑 | 扎囊·欧珠罗布
东日·扎西达杰
主办 | 工布江达县文化和旅游局
图文及视频 | 图文及视频版权归原作者所有