དཔལ་ལྡན་ས་སྐྱ་པའི་གྲུབ་མཐའི་སྲོལ་འབྱེད་ཆེན་པོ་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོའི་འདས་མཆོད་དུས་དྲན་༼ས་མཆོད་ཆེན་མོ།༽བསུ།
རྟ་ནག་རིན་པོ་ཆེ་ངག་དབང་ཤེས་རབ།
གླེང་མོལ་གྱི་རྩ་བའི་ནང་དོན་ནི།
གཅིག། དངོས་གཞི་ས་ཆེན་བླ་མའི་མཛད་རྣམ་མདོར་བསྡུས་དང་།
གཉིས་པ། སྐབས་བབས་ས་མཆོད་ཆེན་མོ་ཇི་ལྟར་བསུ་ལུགས་དང་འབྲེལ་རང་གི་བསམ་གྲོས་མདོར་བསྡུས།
དང་པོ་ལ་༡ འཁྲུངས་ཡུལ། ༢ འཁྲུངས་དུས། ༣ མཚན་གསོལ་ཚུལ། ༤ ལུང་བསྟན་བརྙེད་ཚུལ།
༥ ཡབ་ཡུམ་གྱི་མཚན། ༦ བླ་མའི་གཙོ་བོ། ༧ ཞལ་སློབ་གཙོ་བོ། ༨ གསུང་རྩོམ་གཙོ་བོ།༩ གདན་ས་གཙོ་བོ།
༡༠ མཛད་པ་གཙོ་བོ། ༡༡ འདས་ལོ། ༡༢ བླ་མ་རྣལ་འབྱོར་གལ་ཆེ་བའི་སྐོར་བཅས་དོན་ཚན་བཅུ་གཉིས་ཡོད།།
དོན་ཚན་གཉིས་པ་ལ།༡ དུས་ཆེན་གྱི་མཚན་ལ་དགོས་མེད་ཀྱི་འགྱུར་བ་གཏོང་མི་རུང་བ།
༢ སྤྱིར་རང་ལུགས་ཆོས་འབྱུང་ལོ་རྒྱུས་ཁག་ལ་སློབ་སྦྱོང་ཞུ་དགོས་པ།
༣ བྱེ་བྲག་ས་ཡུལ་དངོས་ལ་རྟོག་ཞིབ་མང་ཙམ་བྱེད་དགོས་པ།
༤ བླ་མ་གོང་མ་ཁག་གི་གསུང་རབ་ལ་ཞིབ་འཇུག་གང་ཐུབ་ཞུ་དགོས་པ།
༥ ཆོས་བརྒྱུད་ཀུན་ལ་དག་སྣང་སྦྱང་སྟེ་མཐུན་སྒྲིལ་ཞུ་དགོས་པའོ།།
ཕྲན་རྟ་ནག་ངག་དབང་ཤེས་རབ་ནས་ཕུལ།