ཞབས་དཀར་ཚོགས་དྲུག་རང་གྲོལ།
རྟ་ནག་རིན་པོ་ཆེ་ངག་དབང་ཤེས་རབ།
འཆད་ཁྲིད་ནང་དོན། གཤིན་པོའི་འདས་མཆོད་ཀྱི་སྐོར།
མཛད་པ་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ།
འཆད་ཁྲིད་པ། རྟ་ནག་རིན་པོ་ཆེ་ངག་དབང་ཤེས་རབ།
རྩ་ཚིག།
༈ དེ་རིང་ནས་དབུ་བརྩམས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་༼གཤིན་པོའི་རྗེས་ཀྱི་གསོན་པོ་དག་ལ་གདམས་པ་༽ཞེས་པ་འཆད་ཁྲིད་ཞུ་རྒྱུ་ཡིན། ཁོང་གི་གསུང་འདི་ནི་འདས་མཆོད་འབུལ་སྟངས་སོགས་གཤིན་པོའི་དགེ་རྩ་སྒྲུབ་ལུགས་ལ་ཤིན་ཏུ་དགོས་པ་ཆེ་བ་མ་ཟད། ཚེ་འདས་ཀྱི་རྗེས་སུ་ཡུན་རིང་སྡུག་བསྔལ་བྱས་ནས་དོན་མེད་དུ་དཀའ་ལས་མྱོང་བ་ནི། ཤི་གསོན་གཉིས་ཀ་ལ་ཕན་པ་མེད་པའི་ལས་ཀ་ཡིན་པས། བསམ་བློ་གུ་ཡངས་པོ་བཏང་ནས་ཚེ་འདས་ལ་ཕན་པའི་དགེ་རྩ་སྒྲུབ་ཐུབ་ན། དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ཀྱི་དགེ་མཚན་ཆེ་ཤོས་ཡིན། དེས་ན་ལྷན་རྒྱས་ཀྱིས་ལེགས་པར་གསན་ཏེ་ཐུགས་ལ་འཇགས་པར་ཞུ།།