讲解内容:萨迦班智达提醒教言。
འཆད་ཁྲིད་པ། རྟ་ནག་རིན་པོ་ཆེ་ངག་དབང་ཤེས་རབ།
讲解人:阿旺西热仁波切
༈ སློབ་ཚན་འདི་ཡི་ནང་དོན་གནད་བསྡུས།
རང་གི་རང་ལ་གྲོས་འདེབས་པའམ་འཇམ་མགོན་ས་པཎ་གྱི་གྲོས་འདེབས་ཆེན་མོ་ཞེས་ཞུ་བའི་ཞལ་གདམས་འདི་ནི། འཇམ་མགོན་ས་སྐྱ་པཎྜི་ཏ་དགུང་ལོ་ཉི་ཤུ་རྩ་གསུམ་ལ་ཕེབས་པ་སྤྱི་ལོ་1204ལོར་གྲོས་འདེབས་དྲན་བསྐུལ་གྱི་ཚུལ་དུ་བརྩམས་གནང་བ་དང་། རང་གིས་རང་ལ་ལྟ་སྐུལ་བྱེད་པའམ་རང་གི་བྱད་བཞིན་ལ་ལྟ་བའི་ངོ་ཤེལ་ལྟ་བུར་ངོས་འཛིན་བྱེད་དགོས་པར་གསུངས་ཡོད། བཀའ་སློབ་འདི་ཡི་ནང་དུ། ནང་པ་སངས་རྒྱས་པའི་ཆོས་ཀྱི་གནད་ཆ་ཚང་བསྡུས་ཡོད་པ་དང་། མདོ་སྔགས་གཉིས་ཀྱི་ཉམས་ལེན་བྱེད་སྟངས། ཉམས་ལེན་མ་བྱས་པའི་ཉེས་པ། ཉམས་ལེན་ཡག་པོ་བྱས་པའི་ཕན་ཡོན། གཞན་ཡང་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་སོགས་ནང་དོན་ཕུན་སུམ་ཚོགས་པ་དང་། རྗོད་བྱེད་ཀྱི་ཚིག་གོ་བདེ་བ་ཡོད་པས་རིན་ཐང་བྲལ་བའི་གསུང་འདི་ལ་སློབ་སྦྱོང་གནང་ཐུབ་ན་ཕན་ཡོན་ཆེན་པོ་ཡོད།།
རྩ་ཚིག།
ཀུན་དང་བསྟུན་ན་མ་རྟོགས་སྙིང་པོ་ཅན།། འདྲེས་མེད་སྤྱད་ན་ཐོས་མེང་ང་རྒྱལ་ཅན།།
འདྲེས་པར་སྤྱད་ན་ཁམས་འདུས་ལོངས་པར་བརྩི།། སྤྱོད་པའི་སྐབས་དོན་སོམས་དང་ལོ་ཙཱ་བ།།